སྐྱིད་གྲོང་འདམ་རུད་ཀྱི་གནོད་འཚེས་མི་3གྲོངས་པ་དང་མི་265འབྲེལ་བ་ཆད།
2026ལོའི་ཟླ་8ཚེས་26ཉིན་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པ་རེད། གསར་འགོད་པར་མདུན་ཕྱོགས་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་20བར་ཞིབ་དཔྱད་བསྡོམས་རྩིས་རགས་ཙམ་བྱས་པ་བརྒྱུད། ད་རེས་ཀྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ལས་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་265འབྲེལ་བ་ཆད་པ། མི་སྣ་ཤི་རྨས་ཀྱི་མི་གྲངས་ཞིབ་ཕྲ་ད་དུང་ཞིབ་རྩིས་རྒྱག་བཞིན་པ་དང་། རོགས་སྐྱོབ་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།