གེགས་ཁུལ་དུ་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་འདུག
བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་རོགས་སྐྱོབ་འཕྲལ་སྡོམ་བརྡ་ལན་གཏོང་བའི་སྐོར་གྱི་བརྡ་ཐོ།
རང་སྐྱོང་ལྗོངས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པ་ཁག་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ།
2026ལོའི་ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་ཞིག་འབྲེལ་བ་ཆད་ཡོད་པ་རེད།《བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་འཕྲལ་སྡོམ་སྔོན་ཇུས》ལག་བསྟར་བྱེད་པའི་ཆ་རྐྱེན་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན།
རང་སྐྱོང་ལྗོངས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་མིའི་ཚན་པ་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འགན་ནུས་དང་ལས་འགན་ཁག་བགོས་གཞིར་བཟུང་གེགས་སེལ་རོགས་སྐྱོབ་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས།
བོད་རང་སྐྱོང་ལྗོངས་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་ནས།
2026ལོའི་ཟླ་8ཚེས་26ཉིན།
འབྲེལ་ཡོད་གསར་འགྱུར།