དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ད་བར་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.4བཏང་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-26

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ལ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མ་དངུལ་འགན་ལེན་གྱི་ཐོགས་མེད་བགྲོད་ལམ་མགྱོགས་མྱུར་བཏོད་ཡོད། གནོད་འཚེ་ཐོན་རྗེས་ཀྲུང་དབྱང་གིས་འཕྲལ་མར་བཏང་བའི་རང་བྱུང་གནོད་འཚེའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.2དང་དེའི་ཐོག་རང་སྐྱོང་ལྗོངས་ཀྱིས་སྒོར་ཁྲི་2000སྔ་རྟིང་བཏང་བ་བསྡོམས་ན། ཟླ་8པའི་ཚེས་26ཉིན་གྱི་ཆུ་ཚོད་19བར་རང་བྱུང་གནོད་འཚེའི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།   

    གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ནོར་སྲིད་ཀྱི་འགན་ནུས་ནུས་པ་གང་ལེགས་བཏོན་ཏེ་ནུས་ཤུགས་ཡོད་རྒུས་མ་དངུལ་འགན་ལེན་ཡག་པོ་བྱ་རྒྱུ་ཡིན་པ་རེད།   

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།