དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱིད་གྲོང་རང་བྱུང་གནོད་འཚེའི་རོཌ་སྐྱོབ་སྐོར་གྱི་བརྡ་ཐོ་གལ་ཆེན་གཉིས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-08-26

    རང་བྱུང་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའི་བརྡ་ཐོ། 

    གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའི་ཁོངས་མིའི་ཚན་པ་ཁག་ལ། 

    2026ལོའི་ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་ཞིག་འབྲེལ་བ་ཆད་ཡོད་པ་རེད།《བོད་རང་སྐྱོང་ལྗོངས་ཀྱི་ཐོལ་བྱུང་དོན་རྐྱེན་གྱི་སྤྱིའི་འཕྲལ་སྡོམ་སྔོན་ཇུས》ཀྱི་བླང་བྱ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་རང་སྐྱོང་ལྗོངས་ཀྱི་རང་བྱུང་གནོད་འཚེའི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་ཡིན། 

    རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་རིམ་ཁག་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ཏེ་མགྱོགས་མྱུར་མི་སྣ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་གནས་སྤོ་བཀོད་སྒྲིག་བཅས་བྱས་ནས་ཞོར་ཐོན་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་འཕྲལ་སྡོམ་དངོས་ཟོག་སྤྱི་འདོམས་ཀྱིས་གཏོང་སྤྲོད་དང་ཉེན་སེལ་རོགས་སྐྱོབ་ཀྱི་སྟོབས་ཤུགས་སྔོན་ལ་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་གེགས་སེལ་ལས་དོན་སྤེལ་དགོས། 

    བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ནས།

    2026ལོའི་ཟླ་8ཚེས་26ཉིན། 

    གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་གཞིས་རྩེ་གྲོང་ཁྱེར་གྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་གཏོང་བའི་སྐོར་གྱི་བརྡ་ཐོ། 

    2026ལོའི་ཟླ་8ཚེས་26ཉིན། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོའི་ས་ཁོངས་སུ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོ་ཞིག་འབྲེལ་བ་ཆད་ཡོད་པ་རེད། མིག་སྔའི་སྐྱིད་གྲོང་རྫོང་གི་རང་བྱུང་གནོད་འཚེའི་དུས་བབ་ལ་དམིགས་ནས། 《གཞིས་རྩེ་གྲོང་ཁྱེར་གྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་འཕྲལ་སྡོམ་སྔོན་ཇུས》ཀྱི་གཏན་འབེབས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་ལ་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་གཏོང་བའི་ཆ་རྐྱེན་འཛོམས་ཡོད། 

    གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུས་2026ལོའི་ཟླ་8ཚེས་26ཉིན་གྱི་ཆུ་ཚོད་14ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་ཀྱི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་འགོ་ཚུགས་ཡོད་པས། སྐྱིད་གྲོང་རྫོང་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲིའི་ལས་བགོས་དང་སྔོན་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ནུས་ཤུགས་ཡོད་རྒུས་གེགས་སེལ་ལས་དོན་སྤེལ་དགོས། 

    གཞིས་རྩེ་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའི་གཞུང་ལས་ཁང་ནས།

    2026ལོའི་ཟླ་8ཚེས་26ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།