ཀྲུང་དབྱང་ནས་སྐྱིད་གྲོང་གི་གེགས་སེལ་ལ་སྒོར་དུང་ཕྱུར་1.2བཏང་འདུག
ཟླ་8ཚེས་26ཉིན། ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་8ཚེས་26ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.2མགྱོགས་མྱུར་གཤམ་སྤྲོད་བྱས་ཏེ། སྐྱིད་གྲོང་འདམ་རྡོའི་ཆུ་རུད་ཀྱི་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་རོགས་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་བཀོད་སྒྲིག་དང་དེ་བཞིན་གཏོར་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་ཉམས་གསོ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་ནས་གནོད་འཚེའི་གྱོང་གུན་དང་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་ཅི་ཐུབ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།