ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་3བཏང་བ།
ཟླ་8ཚེས་26ཉིན་རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་ཡུལ་གྱི་གེགས་སེལ་ལས་དོན་གྱི་དགོས་མཁོར་དམིགས་ནས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་གུར་དང་། དྲོད་ཐབ། གྱོན་གོས། ཉལ་ཆས། ལྟེབ་རྩེག་ཉལ་ཁྲི། བཞའ་འགོག་གདན་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་3བཏང་ནས་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།