ཉེ་ཆར་ཆར་ཞོད་ཆེ་བས་ཕྱིར་སྐྱོད་མཁན་ཚོས་བདེ་འཇགས་ལ་ཡིད་གཟབ་དང་།
ཟླ་8ཚེས་23ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན་མ་འོངས་ཉིན་བཅུའི་རིང་རང་ལྗོངས་སུ་ཆར་པ་རྒྱུན་མཐུད་ནས་འབབ་རྒྱུ་ཡིན་ཞིང་། ཟླ་8ཚེས་28ཉིན་ནས་བཟུང་ཆར་པ་འབབ་ཤུགས་ཆེ་རུ་འགྲོ་རྒྱུ་རེད། ཚེས་28ནས་31ཉིན་བར་རང་ལྗོངས་ཀྱི་བྱང་རྒྱུད་ནས་ལྷོ་རྒྱུད་བར་ཆར་པ་དེ་བས་མང་བ་འབབ་རྒྱུ་དང་། དེའི་ནང་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་དབུས་རྒྱུད་དང་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་དང་ཤར་རྒྱུད། ལྷ་ས། ལྷོ་ཁ། གཞིས་རྩེ་བཅས་ཀྱི་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཆར་པ་འབབ་ཤུགས་ཅུང་ཆེ་བས་དུས་ཐུང་གི་དྲག་ཆར་དང་། འབྲུག་ཆར། སེར་བ་སོགས་འབབ་རྒྱུ།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་8ཚེས་24ནས་27ཉིན་བར། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ།
ཟླ་8ཚེས་28ནས་31ཉིན་བར། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་དབུས་རྒྱུད་དང་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་དང་ཤར་རྒྱུད། ལྷ་ས། ལྷོ་ཁ། གཞིས་རྩེ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲིའི་དབུས་རྒྱུད་དང་ནུབ་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།
ཟླ་9ཚེས་1དང་2ཉིན། མངའ་རིས་ཀྱི་ལྷོ་རྒྱུད་དང་། གཞིས་རྩེ། ཆབ་མདོའི་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
ཟླ་9ཚེས་3ནས་6ཉིན་བར། ཉིང་ཁྲི་དང་། ལྷོ་ཁ། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་རམ་འབྲུག་ཆར་འབབ་རྒྱུ།
འབྲེལ་ཡོད་གསར་འགྱུར།