དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རབ་ཀྱིས་ཐན་པ་དང་། ཐང་རྒོད་ཅན། ས་ཆ་ཞན་འགྱུར་བཅས་འགོག་བཅོས་ཀྱི་ལོ་ལྔའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-26

    ཚེས་22ཉིན། ཀྲུང་གོ་དང་ཨ་རབ་ཀྱི་ཐན་པ་དང་། ཐང་རྒོད་ཅན། ས་ཆ་ཞན་འགྱུར་བཅས་ཀྱི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་མཛུབ་ཁྲིད་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུ་ཐེངས་གཉིས་པ་དང་ཀྲུང་ཨའི་མཉམ་ལས་བགྲོ་གླེང་ཚོགས་འདུ་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་འཚོགས་ཤིང་། ཚོགས་འདུའི་ཐོག《ཀྲུང་ཨའི་ཐན་པ་དང་། ཐང་རྒོད་ཅན། ས་ཆ་ཞན་འགྱུར་བཅས་འགོག་བཅོས་ཀྱི་ལོ་ལྔའི་བྱ་སྤྱོད་འཆར་གཞི》གྲོས་འཆམ་བྱུང་ནས་ཁྱབ་བསྒྲགས་བྱས་པ་རེད།

    ཀྲུང་ཨའི་ཐན་པ་དང་། ཐང་རྒོད་ཅན། ས་ཆ་ཞན་འགྱུར་བཅས་ཀྱི་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས(གཤམ་དུ“ཀྲུང་ཨའི་ལྟེ་གནས”ཞེས་བསྡུ་རྒྱུ)ནི་2023ལོའི་ཟླ་8པར་དངོས་སུ་བཙུགས་ཡོད། ད་ཐེངས་ཡོངས་བསྒྲགས་བྱས་པའི་བྱ་སྤྱོད་འཆར་གཞིའི་ནང་། འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་ཨ་ཕྱོགས་གཉིས་པོས་ཀྲུང་ཨའི་ལྟེ་གནས་སོགས་མཉམ་ལས་ལས་སྟེགས་དང་རོགས་ཟླའི་འབྲེལ་བའི་དྲ་རྒྱར་བརྟེན་ནས་ཐང་རྒོད་ཅན་དང་ཞན་འགྱུར་ས་ཆ་བཅོས་སྐྱོང་དང་། བྱེ་རླུང་འཚུབ་པར་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དང་སྔོན་ཚུད་ཉེན་བརྡ་གཏོང་བ། རྩྭ་ཐང་སྲུང་སྐྱོང་དང་བེད་སྤྱོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། འདམ་ར་སྲུང་སྐྱོང་དང་སླར་གསོ་བྱེད་པ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དངོས་སྒྲུབ་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་རྒྱུ་ཡིན་ཞིང་། ཀྲུང་ཨའི་ཐང་རྒོད་ཅན་བཅོས་སྐྱོང་དྲ་བ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་ཕྱོགས་སྒྱུར་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་སྤེལ་རེས་དང་ནུས་པ་འཛུགས་སྐྱོང་ཟབ་ཏུ་གཏོང་བ་སོགས་བརྒྱུད་ནས་ཀྲུང་ཨའི་ཐང་རྒོད་ཅན་འགོག་བཅོས་ཀྱི་མཉམ་ལས་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།