“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱིས་དེང་རབས་གནམ་གཤིས་ལས་སྒོའི་མ་ལག་བསྐྲུན་རྒྱུ་ཡིན་པ།
ཉེ་ཆར། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་བཏོན་པའི《གནམ་གཤིས་ལས་སྒོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི(2026ལོ་ནས་2030ལོ་བར)》གྱི་ནང་། 2030ལོར་སླེབས་སྐབས་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་དགོས་མཁོ་དང་འཚམ་པ་དང་། གྲུབ་ཆ་འཐུས་སྒོ་ཚང་བ། ནུས་པ་སྔོན་ཐོན། ཞབས་ཞུ་རིག་ལྡན་བཅས་ཀྱི་དེང་རབས་གནམ་གཤིས་ལས་སྒོའི་མ་ལག་བསྐྲུན་ནས་ཚན་རྩལ་རང་བརྟེན་ཅན་དང་། ལས་སྒོ་གྲངས་རིག་ཅན། ཞབས་ཞུ་རྣམ་པ་ཅན། ལས་སྟེགས་ཞིབ་ལས་ཅན་བཅས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་དང་། འགག་རྩའི་ཁྱབ་ཁོངས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གནམ་གཤིས་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པར་སྐོང་ཐུབ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
ཇུས་གཞིའི་ནང་། གནམ་གཤིས་ལས་ཁུངས་ཀྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གནམ་གཤིས་གྲངས་གཞིའི་ཐོན་རྫས་ཕན་ཚུན་སྦྲེལ་མཐུད་ཀྱི་རྣམ་པ་འཛུགས་པ་དང་། “རིམ་པ་གཉིས་ཀྱི་ལས་སྒོ་དང་རིམ་པ་བཞིའི་ཞབས་ཞུའི”གནམ་གཤིས་ལས་སྒོའི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས“སྣེ་གཅིག་སྒྱུར་བཅོས་དང་དྲ་རྒྱ་ཡོངས་སུ་མཉམ་སྤྱོད”ཀྱི་ལས་སྒོའི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་དང་ཆབས་ཅིག རྒྱལ་ཁབ་དང་ཞིང་ཆེན་གྱི་གནམ་གཤིས་ཞབས་ཞུའི་མཐུན་སྦྱོར་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་ལྟེ་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ལས་སྒོ་ཅན་གྱི་བཀོལ་སྤྱོད་བར་གྱི་ཐོགས་མེད་གཞན་སྒྱུར་གྱི་འཁོར་འབྲེལ་གཏོད་རྒྱུ་ཡིན་ལུགས་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།