རིག་རྩལ་མཉམ་ལས་བྱས། ཕུགས་འདུན་མཉམ་དུ་བཏོད།

འདི་ནི་མང་ཚོགས་ཀྱིས་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།
ཉེ་ཆར། “ཆུ་བོས་ཕན་ཚུན་བཅད་ཀྱང་། བརྩེ་སེམས་ཡར་ཀླུང་དང་སྦྲེལ།——ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)བཞི་དང་ལྷོ་ཁ་གྲོང་ཁྱེར་གྱི་པར་རིས་མཉམ་འབྲེལ་འགྲེམས་སྟོན”བོད་ལྗོངས་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད། མཉམ་འབྲེལ་འགྲེམས་སྟོན་དེ་ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)བཞིའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ལྷོ་ཁ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ། བོད་ལྗོངས་བཅས་དབར་གྱི་ས་ཁོངས་སྒྲོལ་བའི་རིག་རྩལ་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་ཆེད་རེད།
འབྲེལ་ཡོད་གསར་འགྱུར།