ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།
ཚའེ་ཆི་ཡིས་ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ། ལི་ཞི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། ངེས་པར་དུ་སྙིང་རུས་གཏན་འཁྱོངས་ཀྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། རིམ་ཁག་ཏང་རྩ་འཛུཌ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུཌ་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དུས་སྐབས་ཤིག་རིང་གི་ཏང་འཛུགས་སྐྱོང་ཁྲོད་ཀྱི་གནད་དོན་གལ་ཆེན་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་དམིགས་ནས། ཏང་ཡོངས་སུ་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དེ་ཏང་འཛུགས་སྐྱོང་གི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཐེངས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་ལ་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཤོར་བའི་གནད་དོན་ལ་བཤེར་འདོན་དངོས་འབྲེལ་དང་དག་ཐེར་ཏན་ཏིག་བྱེད་པ། དངོས་སྒྲུབ་གོ་ཆོད་ལ་དམིགས་ནས་ལམ་ལུགས་དང་སྒྲིག་ལམ་འཛུགས་པ། སྤྱོད་ཚུལ་ནན་པོར་བརྟེན་ནས་དམ་འཛིན་མཐའ་གཅིག་ཏུ་བྱས་པས། ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་སྔོན་དཔག་གི་དམིགས་ཚད་དུ་སླེབས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱུན་གཏན་རང་བཞིན་གྱི་སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོ་སྤེལ་ནས། ས་གནས་ཏང་སྲིད་ཀྱི་ལས་འགན་གཙོ་བོ་འཁུར་མཁན་དང་། གསར་དུ་གོ་གནས་སྤར་བའི་ལས་བྱེད་པ། ན་གཞོན་ལས་བྱེད་པ། འགག་རྩའི་ལས་གནས་ཀྱི་ལས་བྱེད་པ་བཅས་ལ་སློབ་གསོ་དང་གསོ་སྦྱོང་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཏང་ཡོན་དང་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱེད་པར་ཁྲིད་སྟོན་བྱེད་དགོས། རྒྱུན་རྣམ་ཅན་གྱི་གནད་དོན་ཞིབ་བཤེར་དང་དག་ཐེར་མཐའ་འཁྱོངས་བྱས་ཏེ། ཡུན་རིང་དག་ཐེར་བྱེད་དགོས་པའི་སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཤོར་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་ནན་པོ་དང་རྗེས་སྙེག་ཕན་འབྲས་འདྲི་རྩད་བྱས་ནས། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི་རིགས་དག་ཐེར་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། སྐོར་གཟིགས་སྐོར་ཞིབ་དང་། རྩིས་བཤེར་ལྟ་སྐུལ། བསྡོམས་རྩིས་ལྟ་སྐུལ་སོགས་ཤེས་རྟོགས་གནད་སྨིན་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ། དམིཌ་སའི་རང་བཞིན་དང་རྟོལ་ཤུཌ་ཆེ་རུ་བཏང་ནས་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དཔྱད་ཞིབ་བཀོད་འདོམས་ཀྱི་དབྱུག་པ་ཡག་པོ་སྤྱད་ནས། ཧེ་བག་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དངོས་སྒྲུབ་ལ་སྣང་ཆེན་དང་གྲུབ་འབྲས་དངོས་ལ་སྣང་ཆེན་བྱེད་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་བཙུགས་ཏེ། འགན་འཁྲི་འཁུར་ཕོད་པ་དང་། བློ་ཁོག་ཆེན་པོས་འགན་འཁྲི་འཁུར་བ། བྱས་རྗེས་འཇོག་མཁས་པ། གྲུབ་འབྲས་དངོས་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པར་མཐོང་ཆེན་བྱེད་དགོས། སྲིད་དོན་ལས་རྗེས་ལྟ་བའི་བྱ་སྤྱོད་ལ་དོ་དམ་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པར་དུས་བཀག་ལྟར་གླེང་མོལ་དང་དྲན་སྐུལ་བྱས་ནས། ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་དེར་ཡོ་བསྲང་བྱེད་དགོས།
ཚེས་24ཉིན། ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོར་ཕྱོགས་སྡོམ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཚའེ་ཆི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཞི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། སློབ་སྦྱོང་སློབ་གསོའི་ལས་དོན་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་ཕུཌ་ཕན་ལམ་སྲོལ་འཛུགས་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས། ཏང་ཡོངས་ཀྱིས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་སྤྱིར་ན་མཇུག་འགྲིལ་ཉེར་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགན་འཁྲི་ནན་པོ་ཁུར་ནས་སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་ངོས་འཛིན་དང་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་བཏང་བ། སྲིད་དོན་ལས་རྗེས་ལྟ་བར་ཡོ་ཁྱད་ཤོར་བའི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་ནུས་ལྡན་བྱས་པ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ། ས་གནས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་སྐབས་བརྗེའི་ལས་དོན་ལ་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཡག་པོ་བཏིང་བ། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་པའི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོས་གཞུང་འཁྱོངས་གསར་འབྱེད་དང་སྟབས་བདེ་དངོས་སྒྲུབ་མཐའ་འཁྱོངས་བྱས་པས་བསམ་བློའི་ཁྲིད་སྟོན་དང་། བཤེར་འདོན་དངོས་འབྲེལ་དང་དག་ཐེར་ཏན་ཏིག གོང་དཔེ་འོག་སྟོན། རྩ་ལག་མཉམ་བཅོས། ལྟེ་བར་ཞབས་ཞུ་སོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་གསོའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཡང་སྔར་བས་ཟབ་ཏུ་ཕྱིན་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་ནི་མཇུག་འགྲིལ་བ་ཞིག་མིན་པར་འགོ་གསར་པ་བཙུགས་པ་ཞིག་ཡིན་པས། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། སྲིད་དོན་ལས་རྗེས་ལྟ་བའི་སློབ་གསོར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་ཀྱི་གནད་དོན་ལ་རྟག་ཏུ་ཞིབ་བཤེར་དང་དག་ཐེར་བྱེད་པ། དངོས་སྒྲུབ་ལ་སྣང་ཆེན་དང་གྲུབ་འབྲས་དངོས་ལ་སྣང་ཆེན་བྱེད་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ་བཅས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དབང་ཆ་གང་བྱུང་དུ་སྤྱོད་རིགས་བཀག་འགོག་བྱས་ཐོག་དཔེ་མཚོན་ལ་དམ་འཛིན་དང་། ལག་བསྟར་བྱེད་མུས་ལ་དམ་འཛིན། བརྡ་ཁྱབ་གཏོང་རྒྱུར་དམ་འཛིན་བཅས་བྱས་ནས་ཟིལ་ཤུགས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། སློབ་སྦྱོང་སློབ་གསོའི“ཕྱིར་མིག་ལྟ་བར”དམ་འཛིན་ཡག་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། གནོན་ཤུགས་བརྒྱུད་འདྲེན་ནུས་ལྡན་བྱེད་པ། རིམ་པ་བཞིན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།