འདི་ལོ་ཚུན་དུ་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལས་མི་ཐེངས་དུང་ཕྱུར་1.78ལ་ཕན་པ་ཐོབ་པ།
གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ་ནང་མཁོའི་གཏིང་ཤུགས་སྔོག་འདོན་རྒྱུན་མཐུད་བྱེད་པར་དམིགས་ནས། ནོར་སྲིད་པུས་བྱ་ཐབས་སྣ་མང་སྤྱད་དེ་འཛད་སྤྱོད་ལ་རྒྱབ་སྐྱོར་དང་སྐུལ་ལྕག་མུ་མཐུད་བཏང་སྟེ། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་མ་དངུལ་སྒོར་དུང་ཕྱུར་1875སྤྲད་པས། འབྲེལ་ཡོད་ཚོང་ཟོག་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.32ཙམ་ཟིན་ནས་མི་ཐེངས་དུང་ཕྱུར་1.78ལ་ཕན་པ་ཐོབ་ཡོད་པ་རེད། ནོར་སྲིད་དང་དངུལ་རྩས་ནང་མཁོ་རྒྱ་ཆེར་གཏོང་བར་མཐུན་རྐྱེན་སྦྱོར་བའི་སྲིད་ཇུས་རབ་དང་རིམ་པ་གསར་དུ་བཟོས་ནས་བཏོན་པ་དང་། གྲོང་མིའི་འཛད་སྤྱོད་དང་འཛད་སྤྱོད་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོར་དམིགས་ནས་རྒྱབ་སྐྱོར་བྱས་པ། སྤྲོད་མཁོ་ཕྱོགས་གཉིས་ནས་དུས་གཅིག་ཏུ་ཤུགས་རྒྱག་པ་བཅས་བྱས་པས་སྲིད་ཇུས་དེས་གྲོང་མི་མི་ཐེངས་དུང་ཕྱུར་1.13ལ་ཕན་པ་ཐོབ་ཡོད། ཚོད་ལྟའི་གྲོང་ཁྱེར་50རུ་བྱ་དགའ་ཡོད་པའི་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་བས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་3700ལྷག་ཙམ་ཟིན་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
མ་འཇོག་ཐད་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་བའི་ནང“གཙོ་གལ་གཉིས”ཀྱི་མ་དངུལ་སྒོར་དུང་ཕྱུར་8000ཚང་མ་གཤམ་སྤྲོད་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་1417འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་ལོར་གྱི་སྐུལ་ཁྲིད་ནུས་པ་བཏོན་ཞིང་། ཟླ་7པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་2026ལོའི་ཆེད་དམིགས་བུན་ལོར་གསར་སྣོན་སྒོར་དུང་ཕྱུར་ཁྲི་2.4འགྲེམས་སྤེལ་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ཁྲི་1.8ལྷག་ཙམ་ལ་རྒྱབ་སྐྱོར་བྱས་པ་དང་དུས་མཚུངས་སུ“རང་བཤེར་རང་སྤེལ”གྱི་ཚོད་ལྟ་བྱེད་ཁྱོན་ཆེ་རུ་བཏང་ཡོད། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཀྱི་སྐྱེད་སྦྱར་དངུལ་བུན་སོགས་སྲིད་ཇུས་ཁག་4བཏོན་ནས་དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འཕེལ་བར་བྱས་པས་ཁེ་ལས་ཁྲི་622ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།