དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་མི་དམངས་ཤོག་སྒོར་ཉོ་ཚོང་བྱེད་སྒོའི་ལྟ་འདོམས་ཀྱི་བླང་བྱ་ཞིབ་ཕྲ་བཟོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    དངུལ་ལོར་རིག་གནས་བྱེད་སྒོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་དང་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ནས་མི་དམངས་ཤོག་སྒོར་ཉོ་ཚོང་བྱེད་ཆོག་དང་མི་ཆོག་གི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་བཟོས་པ་དང་། མི་དམངས་ཤོག་སྒོར་ཉོ་ཚོང་བྱེད་སྒོར་ལྟ་འདོམས་བྱེད་པའི་བླང་བྱ་ཞིབ་ཚགས་སུ་བཏང་བ་རེད།

    སྤྱི་བསྒྲགས་ནང་ད་ལྟ་འགྲོ་རྒྱུག་བྱེད་བཞིན་པའི་མི་དམངས་ཤོག་སྒོར་ཉོ་ཚོང་བྱེད་མི་ཆོག་པ། ད་ལྟ་འགྲོ་རྒྱུག་བྱེད་བཞིན་པའི་མི་དམངས་ཤོག་སྒོར་ཁྲིམས་ལས་འགལ་ཏེ་ཉོ་ཚོང་བྱེད་པ་དང“འགྲོ་རྒྱུག་དངུལ་ལོར”དང“ཉར་ཚགས་དངོས་རྫས”སོགས་སྤྱིར་བཏང་གི་ཚོང་ཟོག་གི་དབྱེ་མཚམས་རྙོག་བསྲེས་བྱས་ཏེ། ཨང་གྲངས་གཅིག་མཐུན་དང་གཅིག་མཐུད་དམ་ཡང་ན་དམིགས་བསལ་གྱི་པར་གཞིས་བཟོས་པའི་མི་དམངས་ཤོག་སྒོར་སོགས་ཉར་ཚགས་བྱེད་པ་དང་སྦིར་བསྒྲགས་བཟོ་བའི་བྱེད་སྤྱོད་ཀྱིས་རྒྱུན་གཏན་གྱི་མི་དམངས་ཤོག་སྒོར་འགྲོ་རྒྱུག་གི་སྒྲིག་ལམ་དཀྲུག་རིགས་ངེས་པར་དུ་གཏན་འགོག་ནན་པོ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

    སྤྱི་བསྒྲགས་ནང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་འགྲོ་རྒྱུག་བྱེད་མཚམས་འཇོག་རྒྱུའི་སྤྱི་བསྒྲགས་སྤེལ་བའི་མི་དམངས་ཤོག་སྒོར་ཉོ་ཚོང་བྱེད་ཆོག་པ། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་བསྒྲགས་སྤེལ་ནས་འགྲོ་རྒྱུག་བྱེད་མཚམས་བཞག་པའི་མི་དམངས་ཤོག་སྒོར་ཡིན་ཕྱིན་འགྲོ་རྒྱུག་བྱེད་པའི་དངུལ་ལོར་གྱི་འགན་ནུས་མེད་པ་དང་། དངུལ་ཐང་གིས་དངུལ་ལོར་གྱི་རིན་ཐང་མཚོན་མི་ཐུབ་པ། ལོ་རྒྱུས་ཀྱི་རིག་དངོས་དང་ཉར་ཚགས་དངོས་རྫས་ཀྱི་དོན་སྙིང་དེ་བས་མངོན་གསལ་དོད་པོ་ལྡན་པ་བཅས་ཉར་ཚགས་བྱེད་ཆོག་པ་དང་། དངུལ་ཁང་གི་དྲ་ཚིགས་སུ་དངུལ་ལོར་བརྗེས་ཆོག་ལ། ཁྲོམ་རར་བཏོན་ནས་ཉོ་ཚོང་ཡང་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

    ཀྲུང་གོ་མི་དམངས་དངུལ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། ཉོ་ཚོང་བྱེད་ཆོག་ཀྱང་གང་བྱུང་དུ་མི་དམངས་ཤོག་སྒོར་ཉོ་ཚོང་བྱེད་རིགས་རྒྱ་ཡན་དུ་གཏོང་རྒྱུ་མིན་ཞིང་། དངུལ་ལོར་ཁྲོམ་ར་སྐྱོན་བྲལ་དང་ཚད་ལྡན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཚེ། གཞི་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཉར་ཚགས་དགོས་མཁོ་དེ་བས་ལེགས་པའི་ངང་འགན་ལེན་ཐུབ་པ་དང་དངུལ་ལོར་རིག་གནས་ཞིབ་འཇུག་དང་བརྒྱུད་སྤེལ་ལ་སྐུལ་འདེད་གཏོང་ཐུབ་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།