དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་གི་དངུལ་འབོར་4.8%འཕར་བ།

    སྤྱི་ཚོགས་ཀྱི་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་གི་དངུལ་འབོར་འཕར་བར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་ལྔ་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་གི་དངུལ་འབོར་4.8%འཕར་ནས་སྤྱི་ཚོཌ་ཀྱི་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་གི་དངུལ་འབོར་འཕར་བར་ལེཌ་སྐྱེས་འབུལ་ཚད་བཅུ་ཆ་ལྔ་ལྷག་ཙམ་ཟིན་ཡོད། རང་རྒྱལ་གྱི་གློག་རྡུལ་ཚོང་དོན་བརྟན་པོའི་ངང་གསར་གཏོད་དང་འཕེལ་རྒྱས་ཕྱིན་པ་དང་། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཐུབ་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ། གྲངས་རིག་ཅན་གྱི་མཐུན་རྐྱེན་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཐུབ་པ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གཞི་ཁྱོན་དང་གཏིང་ཚད་ཆེ་རུ་ཕྱིན་པ་བཅས་ལས། དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ཡོད་པ་རེད།

    དྲ་ཐོག་གི་ཐབས་ལམ་བརྒྱུད་ཚོང་ཟོག་འཛད་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་ཐུབ་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་ཕྱིན་ཞིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ན། ཟླ་དང་པོ་ནས་བདུན་པའི་བར། ཚད་བཅད་ཡན་གྱི་ཚན་པས་དྲ་སྦྲེལ་བརྒྱུད་ཚོང་ཟོག་སིལ་ཚོང་གི་བསྡུར་གྲངས་བཟུང་ཚད་28.7%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.5མཐོ་རུ་ཕྱིན་པ་དང་། ཚོང་དོན་པུའི་གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་དྲ་ཐོག་ཚོང་དོན་ལས་སྟེགས་སུ་ཟླ་དང་པོ་ནས་བདུན་པའི་བར། དྲ་ཐོག་གི་ཡུལ་སྐོར་དང་འཚོ་བའི་ཞབས་ཞུའི་ཕྱིར་ཚོང་དངུལ་འབོར་24.9%དང་16.3%སོ་སོར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།