2026ལོའི་ལྗང་མདོག་རྩིས་ནུས(མི་ཐབས་རིག་ནུས)ཚོགས་ཆེན་འཚོགས་པ།
ཚེས་22ཉིན། 2026ལོའི་ལྗང་མདོག་རྩིས་ནུས(མི་ཐབས་རིག་ནུས)ཚོགས་ཆེན་ནང་སོག་ཧུའུ་ཧོ་ཧའོ་ཐེར་འཚོགས་ཤིང་། ཚོགས་ཆེན་དེ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་དེའི་དམིགས་ཡུལ་ནི་རྩིས་གློག་མཉམ་ལས་གཏིང་ཟབ་དང་། ཐོ་ཁྱིམ་གྱི་རིན་ཐང་མངོན་གསལ་དོད་དུ་གཏོང་བ། གོ་ལ་ཧྲིལ་པོའི་སྒོ་དབྱེའི་མཉམ་ལས་བཅས་ལ་དམིགས་ནས་མི་ཐབས་རིག་ནུས་ལ་སྐུལ་འདེད་བཏང་སྟེ་ལས་རིགས་མང་པོར་མཐུན་རྐྱེན་སྦྱོར་ཆེད་རེད།
ཚོགས་འདུའི་ཐོག《ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ(2026ལོ)》དང《“ཤར་གྲངས་ནུབ་རྩིས”ཀྱི་ལྟེ་བའི་མཚམས་ཚིགས་ཀྱི་ལྗང་མདོག་རྩིས་ནུས་སྟོན་གྲངས་ཀྱི་ཞིབ་འཇུག་སྙན་ཞུ(2026ལོ)》ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་བརྙན་ལམ་དཔེ་དབྱིབས་ཆེ་མོའི་རྩིས་ནུས་རྟེན་གཞི་བསྐྲུན་པ། ནང་སོག་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་གྲངས་འཛིན་ཞབས་ཞུ་ཕྱིར་གཏོང(ཐོ་ཁྱིམ་ཕྱིར་གཏོང)ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སྐྲུན་འགོ་ཚུགས་པ། མ་དངུལ་སྒོར་དུང་ཕྱུར་1361བཏང་བའི་གཙོ་གནད་རྣམ་གྲངས་13ལ་གན་རྒྱ་བཞག་པ་རེད།
འབྲེལ་ཡོད་གསར་འགྱུར།