དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་ཇུས་གཞི་བཏོན་ནས་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚོ་སྲུང་སྐྱོང་དང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    གསར་འགོད་པར་ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང《ཀན་སུའུ་ཞིང་ཆེན་གྱི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚོ་མོ་སྲུང་སྐྱོང་དང་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི》དངོས་སུ་བཀྲམ་ནས་ཕྱོགས་བཞིའི་ཐད་ཀྱི་ཞིབ་ཕྲའི་ལས་ཀའི་བྱེད་ཐབས་ཁག་17ཆ་ལག་ཚང་བའི་ངང་བཏོན་ནས་སྟོན་རྟགས་ཀྱི་དམིགས་ཚད་དང་། གཙོ་གནད་ལས་འགན། དཔྱད་ཞིབ་ཀྱི་གདེང་འཇོག་བཅས“གསལ་ཐོ་གསུམ”བཟོས་པ་རེད།

    ཆུ་བོ་དང་མཚོའི་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་ཐད། ཇུས་གཞིའི་ནང་ཀན་སུའུ་ཡིས་ཆུ་བོའི་བཙོག་འབུད་རྒྱུག་ཁོངས་ཡོངས་བཤེར་ཁུངས་འདེད་དང་བཅོས་སྒྲིག་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་2027ལོར་སླེབས་སྐབས་བཙོག་འབུད་ཁུལ་གྱི་ལྟ་ཞིབ་ཚད་ལེན་གྱི་ལྟ་འདོམས་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་། བཙོག་ཆུ་གཅིག་སྡུད་མདོང་ལམ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་བཙོག་ཆུ་གཙང་གསིང་གི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བཟོ་ལས་གླིང་ཁུལ་གྱི་ཆུའི་སྦགས་བཙོག་བཅོས་སྒྲིག་དང་དག་ཐེར་གྱི་ཕན་འབྲས་ལ“ཕྱིར་མིག་བལྟས་ནས”བཟོ་ལས་ཀྱི་སྦགས་བཙོག་བཅོས་སྒྲིག་གི་ཆུ་ཚད་རིམ་སྤོར་བྱེད་པ། ཞིང་ལས་ཀྱི་ཕྱིའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཚད་ལྡན་ཐག་གཅོད་དང་ལུགས་མཐུན་བེད་སྤྱོད་བཅས་བྱེད་དགོས་ཞེས་བཏོན་ཡོད།

    ཆུ་བོ་དང་མཚོའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། ཇུས་གཞིའི་ནང་ཀན་སུའུ་ཡིས་ཆུ་ཐོན་སྐྱེ་དངོས་ཀྱི་བརྟག་དཔྱད་ལས་དོན་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཆུ་བོ་དང་མཚོའི་གཏིང་རྫས་དང་མཐའ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་དངོས་ཚོམ་བུའི་གྲུབ་ཆ་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ་དང་། ཆུ་བོ་དང་མཚོའི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ། ཀན་ལྷོ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་དང་། མདོ་ལ་རིང་མོ། ཙི་ཝུའུ་ལིང་། ཝུའེ་ཧོ་ཆུ་འགོ་སོགས་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྲུང་སྐྱོང་སླར་གསོར་སྐུལ་འདེད་གཏོང་བ། ཝུའེ་ཧོ་དང་ཐའོ་ཧོ་སོགས་རྨ་ཆུའི་གཙོ་གནད་ཆུ་ལག་གི་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱག་པ། ཆུ་བོ་དང་མཚོའི་མཚོ་རྒྱུད་བེད་སྤྱོད་དོ་དམ་འཆར་འགོད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་རང་བྱུང་མཚོ་རྒྱུད་སྲུང་སྐྱོང་དང་སླར་གསོའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཆུ་བོ་དང་མཚོའི“གང་བྱུང་བཞི་གཙང་སེལ”གྱི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།