དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་འཕྲུལ་མིའི་ལུས་རྩལ་འགྲན་ཚོཌ་སྐབས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    འདི་ནི་ཐེན་ཀྲུའོ་རུ་ཁག་གི་འཕྲུལ་མིས(གཡས་ཀྱི་དང་པོ)འགྲན་བསྡུར་བྱེད་བཞིན་པ།

    ཟླ་8ཚེས་22ཉིན་གྱི་དགོང་མོར། འཛམ་གླིང་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་རྒྱལ་ཁབ་མྱུར་འགྲན་འཁྱགས་ཤུད་ལུས་རྩལ་ཁང་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་16ནས་ཡོང་བའི་འགྲན་ཞུགས་རུ་ཁག་666དང་འཕྲུལ་མི་2056གིས་འགྲན་བསྡུར་རྣམ་གྲངས་51ལ་དམིགས་ནས་འགྲན་བསྡུར་དྲག་པོ་བྱས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་འཕྲུལ་མིས་སྐར་ཆ་9.39ཡི་སྨི་100ཡི་འཕྲུལ་མི་ཆེ་གྲས་ཚོགས་ཆུང་གི་འདེམས་སྒྲུག་འགྲན་བསྡུར་ནང་ཐེན་ཀྲུའོ་རུ་ཁག་གི་འཕྲུལ་མིས་མིའི་རིགས་ཀྱི་སྨི་བརྒྱའི་ཟིན་ཐོ་བཏོད་པ་དང་། དེ་རྗེས་ཀྱི་འདེམས་སྒྲུག་འགྲན་བསྡུར་ནང་ཐེན་ཀུང་དང་ཅིང་ཕུང་ཚན་རྩལ་མཉམ་འབྲེལ་རུ་ཁག་གི་འཕྲུལ་མིས་སྐར་ཆ་9.34ཡི་གྲུབ་འབྲས་བཏོད་པ་དང་། ཐེན་ཤའོ་རུ་ཁག་དང་ཐེན་ཀུང་རུ་ཁག་གི་འཕྲུལ་མི་ཚང་མས་སྐར་ཆ་9.32ཀྱི་གྲུབ་འབྲས་ཐོག་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།

    སོར་གནས་མཐོ་མཆོང་འགྲན་བསྡུར་རྣམ་གྲངས་ནང་པེ་ཅིང་ཐེན་ཀུང་Ultraཡི་འཕྲུལ་མིས་མཐོ་ཚད་སྨི་2.8843མཆོངས་ནས་མིའི་རིགས་ཀྱི་ཟིན་ཐོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།