དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས་མཉམ་དུ་ཚེ་འདས་མི་སྣའི་དངུལ་རྩའི་རྩིས་ཐེམ་འདྲི་རྩད་ཞབས་ཞུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཉེ་ཆར། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཀྲེ་ཅང་ཞིང་ཆེན་དང་ཆིང་ཏའོ་གྲོང་ཁྱེར་གྱི་ཚེ་འདས་མི་སྣའི་དངུལ་རྩའི་རྩིས་ཐེམ་འདྲི་རྩད་ཞབས་ཞུའི་ཐད་ཀྱི་ཚོད་ལྟའི་ཉམས་མྱོང་ཁྱབ་གདལ་བཏང་སྟེ། འདས་པོའི་དངུལ་རྩའི་རྒྱུ་ནོར་གྱི་ཆ་འཕྲིན་འདྲི་རྩད་བྱེད་པར་འཕྲད་པའི་དཀའ་གནད་དང་འགག་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་མྱོང་བ་སྔར་བས་ལེགས་སུ་གཏོང་རྒྱུ་རེད།

    ཀྲེ་ཅང་ཞིང་ཆེན་དང་ཆིང་ཏའོ་གྲོང་ཁྱེར་གྱིས་ས་གནས་དེ་གའི་སྲིད་དོན་མ་ལག་ལ་བརྟེན་ནས“མི་སྒེར་གྱི་བྱ་བ་གཅིག”གི་མཉམ་སྒྲུབ་ལས་སྟེགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། མིག་སྔར“གཅིག་འཐུས་རྣམ་པའི”ངང་ཚེ་འདས་མི་སྣའི་དངུལ་ཁང་དང་འགན་བཅོལ་སོགས་དངུལ་རྩའི་རྒྱུ་ནོར་གྱི་ཆ་འཕྲིན་འདྲི་རྩད་ཚོད་ལྟ་བྱས་ནས་ཆ་རྐྱེན་དང་འཚམ་པའི་གྲངས་ཉུང་བཅོལ་དངུལ་སྟབས་བདེའི་ངང་ལེན་ཐུབ་པས། མང་ཚོགས་ཀྱིས་འབྲེལ་ཡོད་ལས་སྒོ་གཉེར་སྐབས་འཕྲད་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་། དཔྱད་གཞི་མང་བ། ར་སྤྲོད་དཀའ་བ། ཕྱོགས་མང་བརྒྱུད་དགོས་པ་སོགས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱུང་ཡོད།

    བརྡ་ཐོའི་ནང་སྲིད་དོན་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྡེ་ཚན་ལས་བརྒལ་བའི་མཐུན་སྦྱོར་ནུས་པ་ཆེ་ཙམ་ལྡན་པའི་ས་ཁུལ་གྱིས་སྔོན་ལ་འདྲ་བཟོ་དང་ཁྱབ་གདལ་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ལས་ཀའི་ལམ་སྲོལ་དང་གྲངས་གཞི་བདེ་འཇགས་སོགས་ཀྱི་ཐད་ལས་ཀའི་བླང་བྱ་བཏོན་ནས་འདྲ་བཟོ་དང་ཁྱབ་གདལ་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།