དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་APECའགག་སྒོའི་མཉམ་ལས་ཟབ་ཏུ་གཏོང་བའི་ཐད་འདོད་ཚུལ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཉེ་ཆར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགག་སྒོའི་འགྲོ་ལུགས་ཡན་ལག་ཨུ་ལྷན་གྱི་2026ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལེའོ་ཉིང་ཏ་ལེན་དུ་འགོ་ཚུགས་པ་རེད། ཚོགས་འདུར་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གྲོས་འགོའི་མཉམ་ལས་ཡིག་ཆ་སྟེ། 《APECའགག་སྒོས་ལག་རྩལ་དང་གསར་གཏོད་ལ་སྐུལ་སྤེལ་བཏང་ནས། ཚོང་དོན་གྱི་བདེ་འཇགས་དང་སྟབས་བདེར་མཉམ་དུ་སྐུལ་འདེད་གཏོང་དགོས》ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཀྲང་པའོ་ཧྥུང་གིས་APECའགག་སྒོའི་མཉམ་ལས་ཟབ་ཏུ་གཏོང་བར་འདོད་ཚུལ་གསུམ་བཏོན་པ་སྟེ། ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་བཏང་ནས། སྒོ་དབྱེ་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་པ་དང་། གྲངས་འཛིན་དུས་རབས་ཀྱི་སྔོན་ཐོན་གནས་བབ་དཔའ་ངར་ཆེན་པོས་བཏོད་དེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འགག་སྒོ་བཅོས་སྐྱོང་གི་སྤྱི་འགྲོས་གསར་པ་བསྐྱར་དུ་འཛུགས་པ། བདེ་འཇགས་དང་སྟབས་བདེར་སྤྱི་འདོམས་བྱས་ནས། སྟོབས་ཆེ་ཞིང་བརྟན་པའི་མཁོ་སྤྲོད་འཁོར་འབྲེལ་མ་ལག་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཡུན་རིང་དར་རྒྱས་ལ་འདེགས་སྐྱོར་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།