དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འབྲུ་རིགས་བདེ་འཇགས་ཐད་ཀྱི་མཉམ་ལས་ཟབ་ཏུ་གཏོང་བའི་ཐད་གྲོས་འགོ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཉིན་ཤས་གོང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འབྲུ་རིགས་བདེ་འཇགས་ཐད་ཀྱི་རིམ་མཐོའི་སྲིད་ཁེའི་གླེང་མོལ་ཚོགས་འདུ་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་འཚོགས་པ་རེད། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་ཅུས་ཀྲང་ལིའུ་ཧོན་ཤིན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འབྲུ་རིགས་བདེ་འཇགས་ཐད་ཀྱི་མཉམ་ལས་ཟབ་ཏུ་གཏོང་བར་གྲོས་འགོ་གསུམ་བཏོན་པ་རེད།

    གྲོས་འགོའི་ནང་། གྲངས་རིག་གིས་མཐུན་རྐྱེན་སྦྱོར་བར་བརྟེན་ནས་འབྲུ་རིགས་ཐོན་ལས་འཁོར་འབྲེལ་དུ་གསར་གཏོད་གྲུབ་འབྲས་གཞི་ཁྱོན་ཆེན་པོས་སྤྱོད་པར་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་མི་ཐབས་རིག་ནུས་དང་། གྲངས་འཛིན་ལག་རྩལ། རིག་ནུས་ལས་སྣོན་སོགས་ཁྱབ་གདལ་དང་སྤྱོད་པར་ཤུགས་སྣོན་བརྒྱབ་སྟེ། ཡིད་རྟོན་རུང་བའི་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས། ཉེན་ཁར་ཞིབ་འཇུག་བརྡར་གཅོད་དང་། སྲིད་ཇུས་བཟོ་བ། འཕྲལ་སྡོམ་བརྡ་ལན་བཅས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པ་དང་། ཀུན་ཕན་མཉམ་སྤྱོད་ཀྱིས་དཔལ་འབྱོར་དངོས་ཚན་མི་འདྲ་བའི་དགོས་མཁོ་དངོས་ལ་དམིགས་ནས། སྲིད་ཇུས་བགྲོ་གླེང་དང་། ལག་རྩལ་གསོ་སྦྱོང་། ཉམས་མྱོང་སྤེལ་རེས་བཅས་མུ་མཐུད་བྱས་ཏེ། གཞི་ཁྱོན་ཆུང་བའི་ཐོན་སྐྱེད་པ་དང་། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས། བཙུགས་མ་ཐག་པའི་ཁེ་ལས་གསར་པ་བཅས་ལ་ཆ་འཕྲིན་དང་། ལག་རྩལ། མ་དངུལ་བསྡུ་རྒྱུག ཁྲོམ་རའི་གོ་སྐབས་བཅས་དེ་བས་མང་བ་ཐོབ་པར་རོགས་རམ་གྱིས་གསར་གཏོད་འཕེལ་རྒྱས་ཀྱི་ཁེ་སྤོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་དངོས་ཚན་ཁག་དང་རྒྱ་ཆེའི་དམངས་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་སྒོ་ནས་ཕན་པ་ཐོབ་པར་བྱེད་དགོས་པ། སྒོ་དབྱེ་གཉིས་ཕན་མཐའ་འཁྱོངས་ཀྱིས་བྱེད་པོ་སྣ་མང་ཞུགས་པའི་གཞུང་སྒེར་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། སྲིད་གཞུང་སྡེ་ཚན་དང་། ཁེ་ལས། ཚན་ཞིབ་སྒྲིག་གཞི། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱིས་མཉམ་དུ་ནུས་ཤུགས་འདོན་པར་སྐུལ་འདེད་བཏང་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་པ་བཅས་བྱས་ཏེ། གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་དགོས་པ་བཅས་ཚུད་ཡོད།

    ལིའུ་ཧོན་ཤིན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀྲུང་གོས་ཐོན་འབབ་དང་ཐོན་ནུས་དང་། ཐོན་སྐྱེད་དང་སྐྱེ་ཁམས། ཐོན་འཕར་དང་འབབ་འཕར་བཅས་ལ་མཉམ་དུ་དམ་འཛིན་མཐའ་འཁྱོངས་བྱས་ནས། འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཀྱི་རིན་གོང་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ཏན་ཏིག་བྱེད་པ། འབྲུ་རིགས་བཀར་འཇུག་དང་ཟོག་འགྲུལ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ། འབྲུ་རིགས་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།