དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཞོན་ནུ་མཉམ་དུ་འཛོམས། ནུས་རྒྱུར་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད”ཅེས་པའི་བྱེད་སྒོ་ཧྲེན་ཀྲེན་དུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཉེ་ཆར། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཞོན་ནུ་མཉམ་དུ་འཛོམས། ནུས་རྒྱུར་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད”ཅེས་པའི་བྱེད་སྒོ་ཀོང་ཏུང་ཧྲེན་ཀྲེན་དུ་སྤེལ་བ་རེད། ཀྲུང་གོ་དང་། ཁམ་ཕུ་ཁྲེ། ཐེ་ལན། ཆི་ལི་སོགས་རྒྱལ་ཁབ་དང་ས་ཁུལ་13གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། གཞོན་ནུའི་འཐུས་མི། སྨྱན་སྦྱོར་གྱི་གསར་འགོད་པ་བཅས་མི་60ལྷག་ཙམ་གྱིས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་། ས་ཁོངས་ཕན་ཚུན་འབྲེལ་མཐུད། གློག་རྩིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་དམིགས་ནས་གཏམ་རྒྱུད་མཉམ་སྤྱོད་དང་གྲལ་སྒོར་གླེང་མོལ་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཞོན་ནུ་ས་ཁོངས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ནང་ཞུགས་པའི་ལག་ལེན་གྱི་ལམ་བུ་མཉམ་དུ་འཚོལ་ཞིབ་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་། ཚོགས་ཞུགས་འཐུས་མིས་ས་གནས་ས་ཐོག་ཏུ་རྒྱལ་ཡོངས་ཀྱི་ཐཱན་མེད་རིག་ནུས་ཚན་རིག་ཁྱབ་གདལ་གློག་སྒྱུར་ས་ཚིགས་ཐོག་མ་སྟེ། ཆན་ཕུའུ་110ཡི་ཁྲུན་ཧུའེ་གློག་སྒྱུར་ས་ཚིགས་སུ་བཅར་འདྲིར་བསྐྱོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་ཕྱི་ཕྱོགས་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་ལྟེ་གནས་དང་། ལྷོ་ཕྱོགས་གློག་དྲ་ཧྲེན་ཀྲེན་གློག་འདོན་ཅུས་ཚད་ཡོད་ཀུང་སི། ལྷོ་ཕྱོགས་གློག་དྲ་གྲངས་འཛིན་སྨྱན་སྦྱོར་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།