2026ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་བ།
གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུའི་ཐོན་ལས་རྣམ་གྲངས་12ལ་མིང་རྟགས་བཀོད་པའི་དངུལ་འབོར་སྒོར་དུང་ཕྱུར་19.81ཟིན་པ།
ཉེ་ཆར“གྲངས་འཛིན་ལྷ་སར་འདུས། ནུས་རྒྱུས་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་བ་རེད། ཚོགས་ཆེན་ཐོག་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་དང་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་གྲངས་འཛིན་དང་། ནུས་རྒྱུ། མི་ཐབས་རིག་ནུས། དམའ་དབྱིངས་དཔལ་འབྱོར་སོགས་ལེགས་ཆའི་ཐོན་ལས་ལ་དམ་པོར་དམིགས་ཏེ་ཐོན་ཁུངས་སྦྲེལ་མཐུད་དང་། གྲུབ་འབྲས་གཞན་སྒྱུར། ས་ཁོངས་མཉམ་ལས་བཅས་གཞི་གཅིག་ཏུ་འདུས་པའི་རྩེར་སོན་སྤེལ་རེས་ལས་སྟེགས་ཤིག་བསྐྲུན་རྒྱུར་གཞོལ་བ་རེད།
བྱེད་སྒོ་སྤེལ་རིང་ལྷ་ས་དང་ལྷོ་ཁར“ཡར་ཀླུང་གཙང་པོའི་དཔལ་འབྱོར་ཁུལ་ཀྱི་གྲངས་འཛིན་བར་ཁྱམས”མཉམ་སྐྲུན་གྱི་མཛད་སྒོ་འཚོགས་པ་དང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལྗོངས་རྣམ་ཉེར་སྤྱོད་གསལ་ཐོ་ཡོངས་བསྒྲགས་བྱས་པ་དང་འབྲེལ་ཐོན་ལས་འོས་སྦྱོར་ཡང་བྱས་པ་རེད། གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུའི་ཐོན་ལས་རྣམ་གྲངས་12ལ་ས་གནས་ས་ཐོག་ཏུ་མིང་རྟགས་བཀོད་པ་དང་མིང་རྟགས་བཀོད་པའི་དངུལ་འབོར་སྒོར་དུང་ཕྱུར་19.81ཟིན་ཞིང་། གྲངས་འཛིན་དང་། ནུས་རྒྱུ། ཚན་རྩལ་ཀུང་སི་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་གཙོ་དོན་གཏམ་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།