དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • 2026ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཚ་ཚ་འུར་འུར་ངང་འགོ་ཚུགས་པ།

    འགྲན་བསྡུར་རིང་ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-25

    ཚེས་23ཉིན་གྱི་སྔ་དྲོར། 2026ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་འགོ་ཚུགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བདམས་ཐོན་པ་4000ལྷ་སར་འཛོམས་ནས་ཆེད་མངགས་གངས་ལྗོངས་ས་མཐོའི་འགྲན་བསྡུར་གཟབ་རྒྱས་ལ་ཞུགས་པ་རེད། ཕོ་བྲང་པོ་ཏ་ལ་ལྟེ་བར་བྱས་པའི་གྲོང་སྐོར་ལམ་དང་། ས་མཐོའི་གྲོང་ཁྱེར་གྱི་འགྲན་ལམ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ལག་ཚང་བའི་ཞབས་ཞུ་སོགས་ཐུན་མོང་མ་ཡིན་པའི་འགྲན་བསྡུར་གྱི་ཐོན་ཁུངས་ལ་བརྟེན་ནས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི“ས་བབ་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་གཞུང་ལམ་ལམ་ཕྱེད་མར་སུན་འགྲན་རྒྱུག”གི་མཚན་སྙན་ལེགས་གྲུབ་ལྡན་པའི་ངང་བླངས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཚོགས་འགྲེམས་ལྟེ་གནས་ཀྱི་ཐང་ཆེན་དུ་2026ལོའི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་འགོ་ཚུགས་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།