དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་དངུལ་རྩས་དམངས་གཉེར་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-25

    ཉིན་ཤས་གོང་། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་5པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་761.37ཟིན་ནས་ལོ་འགོ་དང་བསྡུར་ན་བརྟན་པོའི་ངང་འཕར་ཡོད་པ་རེད། དམངས་གཉེར་ཁེ་ལས་ཀྱིས་བསྐྱར་དུ་དངུལ་བུན་གཡར་བའི་ཐོག་མའི་དངུལ་འབོར་སྒོར་དུང་ཕྱུར་7ཟིན་ནས་དམངས་གཉེར་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་སྣ་མང་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩས་དམངས་གཉེར་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་པོ་བྱས་པ་དང་། ལྷུག་ཏུ་འོས་འཚམ་བཏང་བའི་དངུལ་ལོར་སྲིད་ཇུས་ཀྱི་ཁེ་སྤོགས་བརྟན་པོའི་ངང་སྤྲད་པ། ཐབས་མང་མཉམ་སྤྱོད་ཀྱིས་དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་བཏང་བས། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་གཏིང་ཟབ་དང་ཏན་ཏིག་བྱུང་ཡོད། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་ཆེད་དོན་མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་བྱེད་སྒོ་ཐེངས་68གོ་རིམ་ལྡན་པའི་ངང་སྤེལ་ནས་དམངས་གཉེར་ཁེ་ལས་ཀྱི་མ་དངུལ་གྱི་རེ་ཞུར་མཐིལ་རྟོགས་གནད་སྨིན་བྱས་ཤིང་། རིམ་རྩིས་བརྒྱབ་ན་ཕྲན་ཚེགས་ཁེ་ལས་446ལ་ཡིད་རྟོན་དངུལ་བུན་བཏང་བ་དང་ཡིད་རྟོན་དངུལ་བུན་བཏང་ཚད་བསྡོམས་འབོར་སྒོར་དུང་ཕྱུར་41.51ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།