དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་རྔ་ཆེན་གྲངས་རིག་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-25

    ཉེ་ཆར། ལྷ་ས་གྲོང་ཁྱེར་རྔ་ཆེན་གྲངས་རིག་ཞིབ་འཇུག་ཁང(གཤམ་དུ“རྔ་ཆེན་ཞིབ་འཇུག་ཁང”ཞེས་བསྡུ་རྒྱུ)གི་སྒོ་བྱང་བཀལ་ནས་ཉི་འོད་བོད་ཡིག་དཔེ་དབྱིབས་ཆེན་མོ་དུས་གཅིག་ཏུ་ཡོངས་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་དང་བོད་ལྗོངས་སློབ་ཆེན་གྱིས“སྲིད་ཐོན་སློབ་ཞིབ་སྤྱོད”བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས“ལྷ་ས་གྲོང་ཁྱེར་རྔ་ཆེན་གྲངས་རིག་ཞིབ་འཇུག་ཁང”མཉམ་དུ་བསྐྲུན་པ་རེད། རྔ་ཆེན་ཞིབ་འཇུག་ཁང་འདི་ཉིད་ལྷ་ས་གྲོང་ཁྱེར་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་ཐོན་ལས་དང་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཕྱོགས་པའི་མི་ཐབས་རིག་ནུས་གསར་གཏོད་ལས་སྟེགས་སུ་གཏན་འཁེལ་བྱས་ནས་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། གྲུབ་འབྲས་ར་སྤྲོད། བཀོལ་སྤྱོད་གཞན་སྒྱུར་བཅས་བྱས་ཏེ་ཚན་ཞིབ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།