རང་རྒྱལ་གྱིས་འབིགས་གཏོར་འཕྲུལ་འཁོར་དང་པོ་དེ་བཟོས་པ།

འདི་ནི་ཝུའུ་ཧན་གྲོང་ཁྱེར་ཀྲུང་གོ་ལྕགས་ལམ་ཚན་བཟོ་ཅང་ཞ་བཟོ་སྐྲུན་རྟེན་གཞི་ནས་པར་བརྒྱབ་པའི་འབིགས་གཏོར་འཕྲུལ་འཁོར“ཞང་ལུང་རྟགས་ཅན”ཡིན་པ།
ཉེ་ཆར། རང་རྒྱལ་གྱི་འབིགས་གཏོར་འཕྲུལ་འཁོར་དང་པོ“ཞང་ལུང་རྟགས་ཅན”དེ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཀྲུང་གོ་ལྕགས་ལམ་ཚན་བཟོ་ཅང་ཞ་བཟོ་སྐྲུན་རྟེན་གཞིར་བཟོས་ཡོད། འབིགས་པ་དང་གས་གཏོར་གྱི་བྱེད་ནུས་གཙོ་བོ་གཉིས་ལྡན་པའི་སྒྲིག་ཆས་དེས་རྙོག་འཛིང་ཆེ་བའི་ས་གཤིས་ཕུག་ལམ་གཞི་གཅིག་ཅན་གྱི་ཨར་ལས་སྒྲིག་ཆས་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཡོད།
འབྲེལ་ཡོད་གསར་འགྱུར།