དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུ་ཕན་ཚུན་རྒྱུས་མངའ་ཆེ་ལ་འབྲེལ་བ་ཟབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-24

    2026ལོའི་ལིའུ་ལི་གཙང་པོའི་གནའ་ཤུལ་གྱི་རྒྱལ་སྤྱིའི་རི་ཐང་གནའ་རྫས་རྟོག་ཞིབ་སློབ་གྲྭའི་རྣམ་གྲངས་ཉེ་ཆར་གཉེར་མཇུག་འགྲིལ་ཞིང་། ཨ་རི་དང་སིང་ཀ་ཕོར་སོགས་རྒྱལ་ཁབ་ཀྱི་མཐོ་སློབ་ནས་ཡོང་བའི་སློབ་མ་5ཡིས་པེ་ཅིང་གི་ཧྥང་ཧྲན་དུ་ཡོད་པའི་ལིའུ་ལི་གཙང་པོའི་གནའ་ཤུལ་དུ་སློབ་སྦྱོང་བྱས་པ་དང་འབྲེལ་རི་ཐང་སྔོག་འདོན་ལས་དོན་ནང་དངོས་སུ་ཞུགས་ཤིང་། འདི་ནི་པེ་ཅིང་གྲོང་ཁྱེར་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་ལས་དོན་པ་དང་སློབ་མས་སློབ་མཇུག་འགྲིལ་བའི་སྙན་ཞུའི་སློབ་ཚན་ཐོག་མཛའ་མཐུན་གྱི་སྤེལ་རེས་བྱེད་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཁྲེན་ཀྲུང་ཧའོ་ཡིས་པར་བརྒྱབ)

    འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཤོག་དྲས་འདྲ་གཟུགས་རྟེན་མཛོད་ཁང་དུ་ཨུ་རུ་སུ་དང་སེར་པི་ཡ་ནས་ཡོང་བའི་སློབ་ཆེན་སློབ་མས་ཀྲེ་ཅང་ཞིང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས“ཅིན་ཧྭ་ཤོག་དྲས་འདྲ་གཟུགས”ལག་རྩལ་སློབ་སྦྱོང་བྱེད་བཞིན་པ། (ཧུའུ་ཞའོ་ཧྥེ་ཡིས་པར་བརྒྱབ)

    ཏི་དབྱང་། 2026ལོའི་ཐེན་ཅིན་གྱི་གྱོན་དཔེའི་གཟའ་འཁོར“གྱོན་གོས་ཀྱིས་རིག་རྒྱུན་འཛིན”ཞེས་པའི་ཆེད་དམིགས་ཤོམ་སྟོན་བྱེད་སྒོ་ཉིན་ཤས་གོང་ཐེན་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དུ་སྤེལ་བ་དང་ཧན་རྒྱལ་རབས་དུས་ཀྱི་རྒྱན་གོས་སྤྲས་པའི་ཕྱི་སྦྱོང་སློབ་མས་གར་སྟེགས་ཐོག་ཤོམ་འགྲོས་བྱས་ཤིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་ཧྥན་གཡོད་ཀྱིས་པར་བརྒྱབ)

    འདི་ནི་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་བཙན་གྲོང་ཁྲོམ་སྲང་བཅུ་གསུམ“བཙན་གྲོང་རྨི་ལམ་དུ་རྨིས·ཐང་སྲོལ་སྦས་ལུང”XRའཕྲུལ་སྣང་ཟློས་གར་ཁང་དུ་ཕྱི་རྒྱལ་གྱི་གཞོན་ནུས་དབྱིངས་ཞུགས་རྣམ་པའི་ཐོག་ནས་སུའེ་ཐང་རྒྱལ་རབས་ཀྱི་རིག་གནས་དང་ཚན་རྩལ་གྱིས་ཕྱུག་པའི་གནའ་གྲོང་གི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་པ། (ཀྲང་དབྱི་ཞི་ཡིས་པར་བརྒྱབ)

    འདི་ནི་སི་རི་ལན་ཁའི་ཁོ་ལོན་པོར་སྤེལ་བའི“རྒྱ་སྐད་འབྲེལ་ཟམ”ཞེས་པའི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་ནང་འགྲན་ཞུགས་བདམས་ཐོན་པས་ཀྲུང་གོའི་སྲོལ་རྒྱུན་དྲག་རྩལ་ངོམ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝུའུ་ཙི་ཡུས་ཀྱིས་པར་བརྒྱབ)

    འདི་ནི་ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཆུས་སུ་ཡོད་པའི་ཡུལ་དེ་གའི་སྤུས་རྟགས་ལྷམ་ཚོང་ཁང་ཞིག་ཏུ་ཕྱི་རྒྱལ་གྱི་གཞོན་ནུ་ཞིག་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ནས་མཐོང་བའི་ཀྲུང་གོའི་ཡུལ་དེ་གའི་སྤུས་རྟགས་ལྷམ་ལག་ཐོགས་ཁ་པར་ནས་སྟོན་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཞང་གིས་པར་བརྒྱབ)

    འདི་ནི་རུ་ཝང་ཏ་ནཱ་པ་ལུང་ཀེ་གཙང་པོའི་ཆུ་ཤུགས་གློག་ཁང་གཉིས་པའི་གློག་ཁང་གི་གྲུབ་ཆ་གཙོ་བོའི་ཨར་ལས་བྱ་ཡུལ་དུ་ཀྲུང་གོའི་ན་གཞོན་ལས་མི་ཞིག་གིས་ས་གནས་དེ་གའི་ལས་མི་དང་སྤེལ་རེས་བྱེད་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུས་དབྱིན་ཧོ་ཡིས་པར་བརྒྱབ)

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པ་ཆུས་ཀྱི་ཚི་ཆི་ཁའུ་གནའ་གྲོང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་སྲོལ་རྒྱུན་གྱི་རྒྱན་ཆ་ཉོ་བཞིན་པ། (སུན་ཁའེ་ཧྥང་གིས་པར་བརྒྱབ)

    འདི་ནི་ཨ་རི་ནས་ཡོང་བའི་གཞོན་ནུས་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་ཞབས་བྲོ་འཁྲབ་ནས་གྲོགས་པོ་སྒྲིག་བཞིན་པ། (ཧྭ་ཞོལ་ཀེན་གྱིས་པར་བརྒྱབ)

    སློབ་གྲྭའི་ནང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུས་ཕན་ཚུན་སྤེལ་རེས་བྱེད་པ་དང་། གྲོང་གསེབ་ཏུ་ཕྱི་རྒྱལ་གྱི་གཞོན་ནུས་མངོན་མིན་རིག་གནས་ཤུལ་བཞག་ལ་ཉམས་ལེན་དང་གྲོང་སྡེ་ཁག་ལ་བཅར་འདྲིར་བསྐྱོད་པ། གྲོང་ཁྱེར་དང་གྲོང་གསེབ་ཏུ་བསྐྱོད་ནས་ཁོང་ཚོས་ཀྲུང་གོའི་ཚན་རྩལ་ཡར་ཐོན་དང་། སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་འཕེལ་རྒྱས་བཅས་ལ་ཐག་ཉེ་ས་ནས་ལྟ་ཞིབ་བྱེད་པ་སོགས། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་གཞོན་ནུ་ཕྱི་རྒྱལ་དུ་བསྐྱོད་ཅིང་ཕྱི་རྒྱལ་གྱི་གཞོན་ནུ་དེ་བས་མང་པོས་ཀྱང་ཀྲུང་གོར་འོང་སྟེ། ཁོང་ཚོས་དབྱིངས་ཞུགས་རྣམ་པའི་ཐོག་ནས་བཅར་འདྲི་དང་ངོ་ཐུག་གདོང་འཕྲད་ཀྱིས་སྐད་ཆ་ཤོད་རེས་བྱས་ཏེ་བདེན་པ་བདེན་ཐུབ་དང་། ཕུན་སུམ་ཚོགས་པ། དྲོ་སྐྱིད་ལྡན་པ་བཅས་ཀྱི་ཀྲུང་གོ་ཤེས་རྟོགས་བྱས་ཡོད།

    འགྲོ་འོང་ལས་རྒྱུས་མངའ་ལོན་ཤུགས་ཆེ་རུ་ཕྱིན་པ་དང་རྒྱུས་མངའ་ལོན་པས་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་ཏུ་འགྲོ་གི་ཡོད་ཅིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུས་ཤེས་དཔལ་དཔྱད་གཞིར་འཛིན་རེས་དང་། ཚན་རྩལ་མཉམ་ལས། རྒྱུན་མཐུད་འཕེལ་རྒྱས་སོགས་ཀྱི་བརྗོད་གཞིར་དམིགས་ནས་མཐོང་ཐོས་མཉམ་སྤྱོད་བྱས་པ་དང་ཐུན་མོང་ཐོག་སློབ་སྦྱོང་དང་ཐུན་མོང་ཐོག་ཉམས་ལེན་བྱེད་རིང་ཤེས་རྟོགས་ཟབ་ཏུ་ཕྱིན་ལ་མཛའ་གྲོགས་ཀྱི་འབྲེལ་བའང་ཟབ་ཏུ་ཕྱིན་ཡོད། རི་ཀླུང་དུ་མ་བརྒལ་བའི་གཞོན་ནུ་མཉམ་འཛོམས་དེ་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ཀྱི་ཟམ་པ་ལྟ་བུར་གྱུར་ནས་ལང་ཚོའི་སྟོབས་ཤུགས་སྦྱིན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།