རང་རྒྱལ་གྱི་སྔ་སྨིན་འབྲས་ཀྱི་ཐོན་འབབ་ལོ་6བསྟུད་མར་རྒྱ་མ་དུང་ཕྱུར་560ཡན་བརྟན་པོ་བྱུང་བ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཞིང་ཆེན(རང་སྐྱོང་ལྗོངས)10ཡི་སྔ་སྨིན་འབྲས་དངོས་སུ་བརྔ་བསྡུ་བྱས་པའི་དཔེ་འཐེན་བརྟག་དཔྱད་བྱས་འབྲས་ལྟར་ན། 2026ལོར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་འདེབས་ཁྱོན་ཅུང་ཆེ་རུ་ཕྱིན་པ་དང་། སྔ་སྨིན་འབྲས་ཐོན་ཚད་རྒྱ་མ་དུང་ཕྱུར་565.8ཟིན་ཏེ་ལོ་6བསྟུད་མར་རྒྱ་མ་དུང་ཕྱུར་560ཡན་བྱུང་ནས་ཐོན་འབབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།
2026ལོར། རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་འདེབས་ཁྱོན་མུའུ་ཁྲི་7116.4ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི་2.2འཕར་ཡོད། ས་ཁུལ་དབྱེ་ནས་བལྟས་ན། ཀྲེ་ཅང་དང་། ཅང་ཤིས། ཧའེ་ནན། ཀོང་ཤིས་བཅས་ཀྱི་འདེབས་ཁྱོན་མུའུ་ཁྲི་12.0དང་། མུའུ་ཁྲི་6.5 མུའུ་ཁྲི་3.4 མུའུ་ཁྲི་2.1བཅས་སོ་སོར་འཕར་ནས་དུས་མཚུངས་ལས་6.3%དང་། 0.4% 2.0% 0.2%བཅས་སོ་སོར་འཕར་ཡོད། འདི་ལོ་རྒྱལ་ཁབ་ཀྱིས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་མང་པོ་ལག་བསྟར་བྱས་པ་མ་ཟད། སྔ་སྨིན་ཞན་ཏའོ་ཆུ་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་དང་རྨོ་ཞིང་གི་ས་རྒྱུ་སྲུང་སྐྱོང་གི་ཁ་གསབ་བརྟན་དུ་བཏང་བ་དང་། རེས་རྨོད་ཁ་གསབ་མཐོ་རུ་བཏང་ནས། ཞིང་པའི་འདེབས་འཛུགས་ཀྱི་སྔོན་དཔག་བརྟན་དུ་བཏང་ཡོད། ས་གནས་ཁག་གིས་རིམ་པ་བཞིན་འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ལ་སྤྲོད་པའི་བྱ་དགའི་དངུལ་དང་། ལྗང་མདོག་སྤུས་ལེགས་ཕན་ཆེའི་བྱ་སྤྱོད་སོགས་ཀྱི་མ་དངུལ་སྤྱི་འདོམས་བྱས་ནས། སྔ་སྨིན་འབྲས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་པའི་འདེབས་འཛུགས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་ནུས་ལྡན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།