《ཕྱི་ཕྱོཌ་ལ་མ་འཇོག་གི་དོ་དམ་བྱ་ཐབས(དག་བཅོས་གཏན་འཁེལ་གྱི་བསམ་འཆར་བསྡུ་ལེན་མ་ཟིན)》ཡོངས་བསྒྲགས་བྱས་པ།
ད་ལོའི་ཟླ་6པར《ཕྱི་ཕྱོགས་ལ་མ་འཇོག་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཤམ་དུ“གཏན་འབེབས”ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2017ལོའི་ཟླ་12པར་ཡོངས་བསྒྲགས་བྱས་པའི《ཁེ་ལས་ཀྱི་མངའ་ཁོངས་ཕྱིའི་མ་འཇོག་ལ་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ལ་དག་བཅོས་གཏན་འཁེལ་བྱས་པ་དང་། 《ཕྱི་ཕྱོགས་ལ་མ་འཇོག་དོ་དམ་བྱ་ཐབས(དག་བཅོས་གཏན་འཁེལ་གྱི་བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ“བསམ་འཆར་བསྡུ་ལེན་མ་ཟིན”ཞེས་བསྡུ་རྒྱུ)གྱི་འཆར་ཟིན་བཀོད་པ་དང་འབྲེལ། ཚེས་21ཉིན་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བསམ་འཆར་བསྡུ་ལེན་མ་ཟིན་ལ་ཁྱད་ཆོས་འགའ་ཞིག་ཡོད་པ་སྟེ།
ཕྱི་ཕྱོགས་ལ་མ་འཇོག་གི་འཕེལ་རྒྱས་ཀྱི་དོན་དངོས་དང་དེ་བས་ལེགས་པར་འཚམ་ཞིང་། 《བྱ་ཐབས》དེ་གཙོ་བོ་མངའ་ཁོངས་ནང་གི་ཁེ་ལས་དང་དེ་བཞིན་ཁེ་ལས་མིན་པའི་རྩ་འཛུགས་ཀྱི་ཕྱི་ཕྱོགས་ལ་མ་འཇོག་བྱེད་པར་ཕྱོགས་པ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཕྱི་ཕྱོགས་ལ་མ་འཇོག་གི་བྱེད་པོ་དེ་བས་སྣ་མང་དང་རྣམ་པ་དེ་བས་ཕུན་སུམ་ཚོགས་པོ་ཡོད། གཏན་འབེབས་ནང་ཕྱི་ཕྱོགས་ལ་མ་འཇོག་གི་གོ་དོན་དང་ཁྱབ་རྒྱ་གཏན་འཁེལ་བྱས་པར་གཞིགས་ནས། དུས་བསྟུན་འཕེལ་རྒྱས་ཀྱིས་མངའ་ཁོངས་ནང་གི་ཁེ་ལས་དང་། རྩ་འཛུགས་གཞན་དག གྲོང་མི་མི་སྒེར་བཅས་ཚུད་པའི་མ་འཇོག་མཁན་ཁ་གསལ་བཟོས་ཤིང་། བསམ་འཆར་བསྡུ་ལེན་མ་ཟིན་ནང་མངའ་ཁོངས་ནང་གི་ཁེ་ལས་དང་། རྩ་འཛུགས་གཞན་དག གྲོང་མི་མི་སྒེར་བཅས་ཚུད་པའི་མ་འཇོག་མཁན་དེ་མཚུངས་ཀྱིས་བསྐྱར་བསྒྲགས་བྱས་པ་མ་ཟད། མ་འཇོག་མཁན་སྣ་ཚོགས་ཀྱི་ཕྱི་ཕྱོགས་ལ་མ་འཇོག་གི་བྱེད་པོའི་གནས་བབ་སྔར་བས་དོན་འཁྱོལ་བྱེད་པ་དང་། ཞབས་ཞུ་དང་སྲུང་སྐྱོང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས། མ་འཇོག་མཁན་གྱིས་ཁྲོམ་ར་ཅན་གྱི་རྩ་དོན་ལྟར་ཕྱི་ཕྱོགས་ལ་མ་འཇོག་གི་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག་བསམ་འཆར་བསྡུ་ལེན་མ་ཟིན་དང་ད་ལྟ་ལག་ལེན་བསྟར་བཞིན་པའི་ལམ་ལུགས་སྦྲེལ་མཐུད་བྱས་ནས། མ་འཇོག་མཁན་གྱིས་མུ་མཐུད་མངའ་ཁོངས་ནང་གི་ཚད་ལྡན་སྒྲིག་གཞིའི་མ་འཇོག་མཁན་དང་། ནང་ས་དང་ཤང་ཀང་གི་མ་རྐང་སྦྲེལ་མཐུད། མངའ་ཁོངས་སྒྲོལ་བའི་རྒྱུ་ནོར་བདག་གཉེར་སྦྲེལ་མཐུད་སོགས་ཀྱི་ཐབས་ལམ་བརྒྱུད་མངའ་ཁོངས་ཕྱིའི་དངུལ་རྩའི་ཁྲོམ་རར་མ་འཇོག་བྱེད་ཆོག་གི་ཡོད་པ་རེད།
ཕྱི་ཕྱོགས་ལ་མ་འཇོག་གི་ཁེ་དབང་དེ་བས་ལེགས་པར་སྲུང་སྐྱོང་བྱས་ཞིང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ(ས་ཁུལ)ཉུང་ཤས་ཀྱིས་མཐོང་ཆུང་རང་བཞིན་གྱི་བྱེད་ཐབས་སྤྱད་ཅིང་། ཁག་གཅིག་གིས་ཀྲུང་གོ་ཕྱོགས་ལ་ལག་རྩལ་དང་གྲངས་གཞི་མཁོ་འདོན་བྱེད་པའམ་ཡང་ན་རྐང་དབང་དང་རྒྱུ་ནོར་ཐག་གཅོད་བྱེད་དགོས་པ་སོགས་ཀྱི་ཆ་རྐྱེན་བཏོན་ནས། ཀྲུང་གོ་ཕྱོགས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཡོད། གནད་དོན་དེ་རིགས་ལ་དམིགས་ཏེ། བསམ་འཆར་བསྡུ་ལེན་མ་ཟིན་ནང་། གཏན་འབེབས་ནང་གི་ཕྱི་ཕྱོགས་ལ་མ་འཇོག་བྱེད་པར་སྲུང་སྐྱོང་སྐོར་གྱི་དོན་ཚན་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་། ཕན་མེད་གནས་ཚུལ་ཚབས་ཆེན་སྙན་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཁར། ཕྱི་ཕྱོགས་ལ་མ་འཇོག་ཆ་འཕྲིན་གྱི་ལོ་འཁོར་སྙན་ཞུའི་ལམ་ལུགས་བཙུགས་པ་དག གོང་གསལ་གྱི་སྣང་ཚུལ་དེ་རིགས་ལ་ཁྱབ་ཡོད། མ་འཇོག་མཁན་གྱིས་གོང་གསལ་གྱི་གནས་ཚུལ་དག་དོ་དམ་སྡེ་ཚན་ལ་གསལ་ཞུ་བྱས་ན། ཕྱི་ཕྱོགས་ལ་མ་འཇོག་གི་ཁེ་དབང་ལྷན་དུ་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པ་རེད།
མངའ་ཁོངས་ཕྱིའི་ཉེན་ཁར་དེ་བས་ལེགས་པའི་སྒོ་ནས་འགོག་ཟོན་དང་ཁ་གཏད་བཅག་ཅིང་། བསམ་འཆར་བསྡུ་ལེན་མ་ཟིན་ནང་། གཏན་འབེབས་ནང་གི་ཕྱི་ཕྱོགས་ལ་མ་འཇོག་གི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་ཉེན་ཁ་འགོག་ཟོན་སྐོར་གྱི་དོན་ཚན་རབ་དང་རིམ་པ་དོན་འཁྱོལ་བྱས་པ་དང་། མངའ་ཁོངས་ཕྱིའི་མ་འཇོག་བསྐྱར་མའི་སྙན་ཞུ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག དངུལ་འབོར་ཆེ་བ་དང་། རང་རྒྱལ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལ་འབྲེལ་བ་ཡོད་པའི་རྣམ་གྲངས་ཉུང་ཤས་ལ་དམིགས་ནས། དུས་འགོའི་ལས་ཀའི་གནས་ཚུལ་སྙན་ཞུའི་ལམ་ལུགས་བཟོས་ཡོད་པ་རེད། མ་འཇོག་མཁན་གྱིས་གོང་གསལ་གྱི་གནས་ཚུལ་དོ་དམ་སྡེ་ཚན་ལ་གསལ་ཞུ་བྱས་ན་མངའ་ཁོངས་ཕྱིའི་ཉེན་ཁར་མཉམ་དུ་འགོག་ཟོན་དང་ཁ་གཏད་འཇལ་བར་ཕན་པ་རེད།
འབྲེལ་ཡོད་གསར་འགྱུར།