དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐབས་མང་མཉམ་འདྲེན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-24

    ཉེ་ཆར། 《ཐབས་མང་མཉམ་འདྲེན་གྱི་འཛིན་དཔང་ལས་སྒོའི་བརྒྱུད་རིམ་ཚད་གཞི》རྒྱལ་ཁབ་ཀྱི་ཚད་གཞི(GB/T 47421—2026)དངོས་སུ་ལག་བསྟར་བྱས་ཏེ། ཐབས་མང་མཉམ་འདྲེན་གྱི་འཁོར་འབྲེལ་ཧྲིལ་པོའི་འཛིན་དཔང་ལས་སྒོའི་འཁོར་རྒྱུག་ལ་སྐུལ་འདེད་བཏང་བ་དང“འཛིན་དཔང་གཅིག་གི་ལམ་ལུགས”ཀྱི་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་གཏོང་ཆེད་ཚད་ལྡན་གྱི་ཁྲིད་སྟོན་བྱས་ཡོད།

    ཚད་གཞི་དེས་རྒྱལ་ནང་དང་རྒྱལ་སྤྱིའི་ཐབས་མང་མཉམ་འདྲེན་གྱི་རྣམ་པར་སྤྱི་འདོམས་བྱས་ཏེ་དོས་སྒམ(དོས་སྣོད)གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་དང་། ལྕགས་ལམ་དང་ཆུ་ལམ་མཉམ་འདྲེན། མཁའ་ལམ་དང་སྐམ་ས་མཉམ་འདྲེན་བཅས་གཙོ་རྒྱུན་ཆེན་པོ་གསུམ་ལ་ཁ་ཕྱོགས་པ་དང་། ཐབས་མང་མཉམ་འདྲེན་གྱི་གཉེར་སྐྱོང་བྱེད་མཁན་དང་། ཁུལ་དུམ་གྱི་སྐྱེལ་འདྲེན་པ། མངགས་སྐྱེལ་བ། དངོས་ཟོག་རྩིས་ལེན་པ་སོགས་ཕྱོགས་སོ་སོའི་ལས་སྒྲུབ་ཚད་གཞི་ཚད་ལྡན་དུ་བཏང་བ་དང་། མཛོད་ཉར་ཁང་སྔོན་མངགས་དང་། བརྒྱུད་འདྲེན། སྒོ་ཁྲལ་གནས་ཞུ། རྩིས་སྤྲོད་སོགས་ཀྱི་བཀོལ་སྤྱོད་ཚད་གཞི་དང་དེ་བཞིན་རྒྱལ་སྤྱིའི་མཉམ་འདྲེན་འགག་སྒོས་རྒྱ་འདེབས་དང་རྒྱལ་སྒྲོལ་འགག་སྒོ་རྩིས་དག་སོགས་ཀྱི་ཆེད་དོན་བླང་བྱ་ཁ་གསལ་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།