དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་རང་བརྟེན་ཞིབ་སྤེལ་གྱི་རབས་གསར་ཆུ་གཏིང་ནུས་མང་ཅན་གྱི་རྒྱ་མཚོའི་ལས་གྲྭའི་གྲུ་གཟིངས་བསྐྲུན་ནས་རྩིས་སྤྲད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-24

    འདི་ནི“རྒྱ་མཚོའི་རྡོ་སྣུམ་292”བསྐྲུན་ནས་རྩིས་སྤྲོད་རྩིས་ལེན་བྱེད་བཞིན་པ།

     ཉེ་ཆར། ཅང་སུའུ་ནན་ཐུང་ཆི་ཏུང་གྲོང་ཁྱེར་དུ་རང་རྒྱལ་གྱིས་རང་བརྟེན་ཞིབ་སྤེལ་བྱས་པའི་རབས་གསར་ཆུ་གཏིང་ནུས་མང་ཅན་གྱི་རྒྱ་མཚོའི་ལས་གྲྭའི་གྲུ་གཟིངས“རྒྱ་མཚོའི་རྡོ་སྣུམ་292”བསྐྲུན་ནས་རྩིས་སྤྲད་ཅིང་། གྲུ་གཟིངས་དེ་ཀྲུང་གོ་མཚོ་སྣུམ་ཁོངས་གཏོགས་ཀྱི་རྒྱ་མཚོ་རྡོ་སྣུམ་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་པས། རང་རྒྱལ་གྱི་ཆུ་འོག་ལས་གྲྭ་དང་རྒྱ་མཚོར་སྤྱོད་བཞིན་པའི་སྒྲིག་བཀོད་ཀྱི་ཆེད་ལས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་མཚོ་གཏིང་གི་ནུས་རྒྱུའི་ཐོན་ཁུངས་གསར་སྤེལ་མགྱོགས་སུ་གཏོང་བར་འགག་རྩའི་སྒྲིག་བཀོད་ཀྱི་འགན་སྲུང་བྱས་ཡོད།

    གྲུ་གཟིངས་དེར་རིམ་གཉིས་གྲུབ་ཆ་དང་རྐྱང་གཟུགས་ལྕོང་དབྱིབས་ཀྱི་ཇུས་འགོད་བྱས་པ་དང་སྤྱིའི་རིང་ཚད་ལ་སྨི་126དང་། ཞེང་ཚད་ལ་སྨི་28 ཆུ་འབུད་ཚད་ཏུན་ཁྲི་1.76ལས་བརྒལ་བ། ཆུ་གཏིང་རིམ་པའི་རྒྱ་མཚོའི་ལས་གྲྭ་གསར་སྤེལ་དང་། འཛུགས་སྐྲུན། སྲུང་སྐྱོང་། ཞིབ་བཤེར་བཟོ་བཅོས། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ནུས་པ་མང་པོ་ལྡན་པ་དང་། མཚོ་ཁོངས་མང་པོའི་ཆུ་འོག་མདོང་སྐུད་དང་དེ་བཞིན་གྲུབ་ཆའི་དངོས་པོ་སྒྲིག་སྦྱོར་དང་། མཚོ་གཏིང་བརྟག་དཔྱད། སྐྱེལ་འདྲེན་འགན་སྲུང་སོགས་རྒྱ་མཚོའི་ལས་གྲྭའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་བསྡུས་ལས་སྒྲུབ་དང་འཚམ་ཞིང་། གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་རིགས་མཚུངས་སྒྲིག་བཀོད་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།