རྒྱལ་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་དབྱར་གསེང་གི་བཅོལ་ཉར་འཛིན་གྲྭ་ཁྲི་4.8གཉེར་བ།
ཉེ་ཆར། གསར་འགོད་པར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་8པའི་ཟླ་མཇུག་ཏུ་དབྱར་གསེང་མཇུག་འགྲིལ་བར། རྒྱལ་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་སྔོན་དཔག་བྱས་ན་ལས་བཟོའི་བུ་ཕྲུག་གི་གཅེས་སེམས་བཅོལ་ཉར་འཛིན་གྲྭ་ཁྲི་4.8གཉེར་ནས་ལས་བཟོའི་བུ་ཕྲུག་མི་ཐེངས་ཁྲི་220ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།
ད་ལོ་ཚུན་དུ། ས་གནས་ཁག་གི་བཟོ་ཚོགས་ཀྱིས་བཅོལ་ཉར་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ་དང་ཁྱབ་རྒྱ་ཆེ་རུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། ཧུའུ་ནན་དང་། ཀན་སུའུ། མཚོ་སྔོན་སོགས་ཀྱིས་ལས་བཟོའི་བུ་ཕྲུག་བཅོལ་ཉར་བྱ་རྒྱུ་དེ་ས་གནས་ཀྱི་དམངས་འཚོའི་དོན་དངོས་ནང་བཅུག་ཡོད། ས་གནས་ཁག་གི་བཟོ་ཚོགས་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་གཙོ་གནད་ཐོག་དམིགས་ནས་མངགས་སྐྱེལ་བ་དང་། མྱུར་སྐྱེལ་བ། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་སོགས་ཀྱི་ཚོགས་སྤྱིར་དམིགས་ནས། བབ་བསྟུན་སྟབས་བདེའི་ཆེད་དམིགས་བཅོལ་ཉར་ཞབས་ཞུ་བཏོད་ཡོད། ཨན་ཧུའེ་ཐུང་ལིང་དང་ཀོང་ཤིས་ནན་ཉིང་སོགས་ཀྱིས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་བུ་ཕྲུག་ལ་རིན་མི་དགོས་པར་བཅོལ་ཉར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།