དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་གསུམ་པའི”འཆར་འགོད་དངོས་སུ་ཁྱབ་བསྒྲཌ་བྱས་པས་ཨའོ་མོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-24

    ཚེས་18ཉིན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས《ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་གསུམ་པའི་འཆར་འགོད(2026ལོ་ནས་2030ལོའི་བར)》དངོས་སུ་ཁྱབ་བསྒྲགས་བྱས་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཟོས་ཤིང་། “ལོ་ལྔ་ཚན་གསུམ་པའི”འཆར་འགོད་ལ་ཁྱོན་ལེའུ་10ཡི་ས་བཅད་36དང་ཆེད་སྒྲིག་ལེ་ཚན་68ཡོད་པ་དང་། ཡིག་འབྲུ་ཁྲི་8.6ཙམ་ཡོད་པ་རེད།

    ཚེས་18ཉིན་གྱི་ཕྱི་དྲོར“ལོ་ལྔ་ཚན་གསུམ་པའི”འཆར་འགོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་དང་། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་འཛིན་ཁྲིམས་དོན་སི་དང་། དཔལ་འབྱོར་ནོར་སྲིད་སི། བདེ་སྲུང་སི། སྤྱི་ཚོགས་རིག་གནས་སི། སྐྱེལ་འདྲེན་ལས་དོན་སི་བཅས་ཀྱི་དཔོན་རིགས་གཙོ་བོ་ཞུགས་ཡོད་པ་རེད།

    འཆར་འགོད་ནང་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་བརྒྱད་ཁ་གསལ་བཟོས་པ་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཁྲིམས་ལྟར་བཅོས་སྐྱོང་གི་ནུས་ཕྱོད་སྔར་བས་ཆེ་རུ་གཏོང་བ། དཔལ་འབྱོར་འོས་འཚམ་སྣ་མང་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་གསར་པ་ཡོང་བ། ཧེང་ཆིན་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོང་བ། གྲོང་མིའི་བདེ་རྩ་འགན་ལེན་ནུས་ལྡན་བྱེད་པ་དང་འབྲེལ་རིམ་བཞིན་ལེགས་སུ་གཏོང་བ། མཛེས་སྡུག་དང་རིག་ལྡན་གྱི་ཨའོ་མོན་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་ཡོང་བ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པ་དང་ཞབས་འདེགས་ཞུ་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།