དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བདེ་འཇགས་ངང་ཁྱིམ་ལ་ལོག་པ་ནི་ཡུལ་སྐོར་ཚར་རྗེས་ཀྱི་མཐའ་མའི་བདེན་དོན་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-24

    ལོ་15ལ་སོན་པའི་ན་ཆུང་ཞིག་གིས་སྒོར་200ཁྱེར་བ་དང་གློག་འཁོར་ཞིག་བཏང་སྟེ་ཉིན་20ནང་ལྷ་སར་འབྱོར། ཉིན་ཤས་རིང་། སི་ཁྲོན་ཙི་ཀུང་ནས་ཡིན་པའི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་བུ་ཞིག་གིས་རྒྱལ་ལམ་318འགྲིམས་པའི་བརྙན་ལམ་དྲ་ཐོག་ཏུ་བརྒྱུད་སྐུར་ཡང་ཡང་བྱས་ཡོད།

    དྲ་གྲོགས་ཚོས“ལང་ཚོར་འཇིགས་པ་མེད”ཅེས་དང“བློ་ཁོག་ཆེན་པོས་ཕུགས་འདུན་སྙེག”ཅེས་བསྔགས་བརྗོད་ཡང་ཡང་བྱས་མོད། འོན་ཀྱང་ང་ཚོས་འདིར་ངེས་པར་དུ་དྲན་སྐུལ་བྱེད་དགོས་པ་ཞིག་ལ། དངོས་འབྲེལ་གྱི་བློ་ཁོག་ཆེན་པོ་ཞེས་པ་ནི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་གི་བློ་དང་ལྡན་པའི་འཚོལ་ཞིབ་ཅིག་ཡིན་དགོས་པ་ལས། མཇུག་འབྲས་ལ་བསམ་བློ་མི་གཏོང་བར་ཉེན་མཆོང་བྱེད་པ་ཞིག་གཏན་ནས་མིན།

    ལོ་15ལ་སླེབས་པའི་མིས་གློག་འཁོར་བཞོན་ནས་འགྲོ་བ་ནི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལས་འགལ་བའི་དོགས་གཞི་ཡོད་པ་དང་། རྒྱལ་ལམ་318ནི་གྲོང་ཁྱེར་ནང་གི་བདེ་བགྲོད་ལམ་བུ་མིན་པར་ཆ་སྙོམས་ས་བབ་སྨི་4000ཡན་ཟིན་པ་དང་། མཚན་མོའི་དྲོད་ཚད་ཀླད་ཀོར་འོག་ཏུ་སླེབས་ལ། ཀྱག་ཀྱོག་ཆེ་བའི་རི་ལམ་དུ་མ་འགྲིམ་དགོས་པས་དྲག་ཆར་བབས་ཚེ་རི་བོ་ཡང་ཡང་ཉིལ་བ་མ་ཟད། ད་དུང་ཟོག་འདྲེན་རླངས་འཁོར་ཆེ་རིགས་གྲངས་ལས་འདས་པ་འཕྲད་ཀྱི་ཡོད། གནས་ཚུལ་དེ་འདྲའི་འོག་སྟབས་མི་ལེགས་པ་ཐེངས་གཅིག་བྱུང་ན་ཆག་སྒོ་ཆེན་པོ་ཡོང་རྒྱུ་ནི་སྨོས་ཅི་དགོས། དེ་བས་ཀྱང་དོགས་ཟོན་བྱེད་དགོས་པ་ཞིག་ནི། མི་ལ་ལས་དྲ་ཐོག་ཏུ་དེ་ལ་ལད་ཟློས་བྱེད་པའི་འཆར་གཞི་ཡང་བརྒྱུད་སྐུར་བྱེད་ཀྱི་ཡོད།

    “ལོ་ཆུང་གཞོན་ནུའི་སེམས་ཤུགས་ཆེན་པོ”དེ་ལྟ་བུར་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག གླེང་ཕྱོགས་ཀྱིས་དེ་བས་ཀྱང“ལད་མོ་བྱ་རྒྱུ་མེད། བདེ་འཇགས་ཨང་དང་པོར་འཇོག་དགོས”ཞེས་དྲན་སྐུལ་བྱེད་དགོས་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།