ཀྲུང་གོས་བདེ་ཐང་གྲངས་རིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ནི་ཉེ་ཆར། འགྲུལ་པ་ཞིག་གིས་ཧང་ཀྲོའུ་ཤའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་གི་T4འབབ་ཚུགས་ཀྱི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་འཚོ་བ་མྱོང་རོལ་ཁང་དུ་འཕྲུལ་མིའི་འཕུར་མཉེད་མྱོང་རོལ་བྱེད་བཞིན་པ།
ཉེ་ཆར། ཀྲུང་གོས་ཁྱབ་བསྒྲགས་བྱས་པའི《རྒྱལ་དམངས་བདེ་ཐང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཀྱི་དམིགས་ཚད་གཅིག་ནི་2030ལོར་སླེབས་སྐབས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80ལ་སླེབས་པ་བྱ་རྒྱུ་དེ་ཡིན་ཞིང་། མིག་སྔའི་ལོ་ཚད་79.25ཡིན་པ་རེད།
དེ་ཐོག་ནས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་ཁྲོམ་ར་ཞིག་ཡིན་པའི་ཀྲུང་གོའི་འཕེལ་རྒྱས་ཁ་ཕྱོགས་ལ་འགྱུར་ལྡོག་ཕྱིན་ཏེ། ཇི་ལྟར་བྱས་ནས་ནད་གཞི་སྨན་བཅོས་བྱེད་པར་སྣང་ཆེན་བྱེད་པ་མ་ཟད། ད་དུང་ཇི་ལྟར་བྱས་ནས་ཚེ་རིང་དུ་གཏོང་བ་དང་། དེ་བས་བདེ་ཐང་ཡོང་བ། འཚོ་བ་རང་རྐྱ་འཕེར་ནུས་དེ་བས་ཆེ་བ་སོགས་ལ་ཡང་སྣང་ཆེན་བྱེད་པ་མཚོན་ཡོད།
འཆར་འགོད་ནང་བསྟན་དོན། 2030ལོར་སླེབས་སྐབས་བདེ་ཐང་ཀྲུང་གོ་འཛུགས་གཏོད་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱ་རྒྱུ་སྟེ། བདེ་ཐང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཁྱབ་གདལ་ཕྱིན་ནས་གཅོང་ནད་ཚབས་ཆེན་ཕོག་མཁན་མང་དུ་འགྲོ་བའི་སྣང་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་པ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་80ཟིན་པ། བདེ་ཐང་སྟོན་གྲངས་གཙོ་བོ་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་བཅས་བྱུང་ནས། 2035ལོར་བདེ་ཐང་ཀྲུང་གོ་འཛུགས་གཏོད་ཐུབ་པར་རྨང་གཞི་བརྟན་པོ་འདིང་དགོས།
འཆར་གཞི་འདི་དག་ལས་ཚན་རྩལ་ཁེ་ལས་ལ་གོ་སྐབས་གསར་པ་མང་པོ་བཏོད་ཡོད་པ་དཔེར་ན་བདེ་ཐང་གྲངས་རིག་ཅན་སོགས་ལྟ་བུའོ། འབྱུང་འགྱུར་ནད་པས་གློག་རྡུལ་བདེ་ཐང་ཡིག་ཚགས་ཁྲོད་ནས་གྲངས་གཞི་གཙོ་བོ་དུས་ཐོག་ཏུ་ལེན་ཐུབ་རྒྱུ་དང་། གཞན་ཡང་འཆར་འགོད་ནང་བཏོན་དོན། མི་ཐབས་རིག་ནུས་ཀྱིས་གསོ་རིག་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་ལ་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་གཏོང་རྒྱུ་དང་། དེར་དམིགས་ནས་བདེ་འཇགས་ཀྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་བསྐྲུན་དགོས།
—— འཇར་མན་གྱི“ཀྲུང་གོའི་ལས་སྟེགས”དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།