དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྡེབ་ཚོང་ཁྲོམ་ར་ཡུལ་སྐོར་བྱེད་ཡུལ་དུ་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-23

    འདི་ནི་དབྱི་ཝུའུ་དངོས་ཟོག་ཚོང་འདུས་སྐབས་བརྒྱད་པའི་ཐོག་ཕྱི་རྒྱལ་གྱི་ཚོང་འགྲུལ་ཞིག་གིས་ཉིན་མཁོའི་དངོས་ཟོག་ཉོ་བཞིན་པ།

    ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྔར་ལས་མང་བ་ཀྲུང་གོའི་སྡེབ་ཚོང་ཁྲོམ་རར་ཡོང་ཞིང་། ངོ་མཚར་ཆེ་བའི་རྩེད་ཆས་ཆུང་ཆུང་ནས་དར་བཟོ་ཆེ་བའི་མཛེས་བཟོའི་ཐོན་རྫས་བར་ལ་དེ་གར་གང་དགོས་ཚང་མ་ཡོད།

    2025ལོའི་ཚུན་དུ། ཀྲུང་གོས“ཀྲུང་གོ་ནས་ཉོ་སྒྲུབ་བྱེད”ཅེས་པའི་བྱེད་སྒོ་ཁྱབ་སྤེལ་བཏང་བ་དང་ཆབས་ཅིག་བྱེད་ཐབས་རབ་དང་རིམ་པའང་བཏོན་ཞིང་། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཆེ་རུ་བཏང་བ་དང་དེ་བཞིན་གྲངས་འཛིན་གཏོང་སྤྲོད་བརྒྱུད་རིམ་སྟབས་བདེ་རུ་བཏང་བ་བརྒྱུད། ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་དུ་ཡོང་སྐབས་དེ་བས་སྟབས་བདེ་པོ་བྱུང་ཡོད།

    2026ལོའི་ལོ་སྟོད་དུ་མངའ་ཁོངས་སུ་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་2290ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་20.4%འཕར་ཡོད། དོ་སྣང་བྱེད་འོས་པ་ཞིག་ནི་2026ལོའི་ལོ་སྟོད་དུ་ཀྲེ་ཅང་གི་དབྱི་ཝུའུ་རུ་ཡོང་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བས་གནམ་གྲུའི་སྤ་སེ་སྔོན་མངགས་བྱེད་ཚད་དུས་མཚུངས་ལས་62%འཕར་ཡོད།

    དབྱི་ཝུའུ་རྒྱལ་སྤྱིའི་ཚོང་གྲོང་ནི་འཛམ་གླིང་ཐོག་གི་ཚོང་ཟོག་ཆུང་གྲས་ཀྱི་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་ཡིན་ཞིང་། བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2025ལོར་དབྱི་ཝུའུ་ཡིས་ཁྱོན་རྒྱལ་ཁོངས་སུ་འཛུལ་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་68.1ལ་སྣེ་ལེན་ཞུས་པ་དེ་2024ལོ་ལས་19.74%འཕར་ཡོད།

    ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཀྲུང་གོའི་ཁྲོམ་རར་ལྟ་སྟངས་ཡག་པོ་འཛིན་པ་དང་། ལྷག་པར་དུ་ཀྲུང་གོའི་ཁྲོམ་རའི་ཐོན་རྫས་ལ་རིགས་སྣ་འཛོམས་པ་དང་། རིན་གོང་ཁེ་བ། ལག་རྩལ་རིམ་འཇུག་བྱེད་མགྱོགས་པ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།