“སྦྲག་བསྐུར་གྲོང་ཚོར་སྐྱེལ་བའི”སྒྲིག་ཁོངས་གྲོང་ཚོ་2244མང་དུ་ཕྱིན་པ།
ཚེས་20ཉིན་གསར་འགོད་པར“སྦྲག་བསྐུར་གྲོང་ཚོར་སྐྱེལ་བའི”སྦྲག་སྲིད་ཐ་སྐྱོང་ཚོད་ལྟའི་ལས་དོན་གྱི་ས་ཡུལ་དངོས་ཀྱི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་7པའི་ཟླ་མཇུག་བར། ཚོད་ལྟའི་རྫོང་17གྱིས་སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུའི་དྲ་རྒྱར་བརྟེན་ནས“སྦྲག་བསྐུར་གྲོང་ཚོར་སྐྱེལ་བའི”སྒྲིག་ཁོངས་གྲོང་ཚོ་2244མང་དུ་ཕྱིན་ནས། ཐ་སྐྱོང་གི་དམིགས་ཚད་94%ལེགས་གྲུབ་བྱུང་བ་དང་མཉམ་ལས་ལས་འབོར་ཚོད་ལྟ་མ་བྱས་པའི་གོང་ལས་217%འཕར་ཡོད་པ་རེད།
ད་ལོ་ནས་བཟུང་། རྒྱལ་ཁབ་སྦྲག་སྲིད་ཅུས་དང་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིས་མཉམ་དུ་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ས་ཁུལ་དུ“སྦྲག་བསྐུར་གྲོང་ཚོར་སྐྱེལ་བའི”སྦྲག་སྲིད་ཐ་སྐྱོང་གི་ཆེད་དོན་ཚོད་ལྟའི་ལས་དོན་སྤེལ་ཞིང་། སྦྲག་སྲིད་ཡོངས་ཁྱབ་ཀྱི་ཞབས་ཞུའི་དྲ་རྒྱར་བརྟེན་ནས་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ས་ཁུལ་གྱི་བསྐུར་མ་གྲོང་ཚོར་སྐྱེལ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཕྱོགས་གཉིས་དབར་གྱི་སྦྲེལ་མཐུད་ཐབས་ལམ་ཤར་གཏོང་ཐུབ་ནས། གྲོང་གསེབ་ཏུ་སྤྱིར་ན་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་རམ་འདེགས་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།