དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་སྤྱི་ཚོགས་ཀྱི་འཛད་ཟོག་དང་ཞབས་ཞུ་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་2.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-23

    ཚེས་20ཉིན། ཚོང་དོན་པུའི་འཛད་སྤྱོད་སྐུལ་སྤེལ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཟླ་དང་པོ་ནས་བདུན་པའི་བར། སྤྱི་ཚོགས་ཀྱི་འཛད་ཟོག་དང་ཞབས་ཞུ་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་2.6%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་28.77ཟིན་ཏེ་1.2%འཕར་བ་དེའི་ནང་རླངས་འཁོར་ཕུད་པའི་འཛད་ཟོག་སིལ་ཚོང་བྱེད་ཚད་2.7%འཕར་ཡོད། དེས་ན། འཛད་སྤྱོད་ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    ཟླ་7པར། ཚོང་ཟོག་སིལ་ཚོང་གི་འཕར་ཚད་0.5%ཟིན་ཞིང་། གཞི་རྩའི་འཚོ་བའི་རིགས་ཀྱི་ཚོང་ཟོག་འཕར་ཚད་བརྟན་པོ་ཡིན་པ་དང་། བཅད་གྲངས་ཡན་གྱི་རྩིས་གཞིའི་འབྲུ་སྣུམ་དང་། བཏུང་བྱ། ཉེར་མཁོའི་དངོས་རྫས་བཅས་ཀྱི་སིལ་ཚོང་བསྡོམས་འབོར་5.3%དང་། 3.5% 1.8%བཅས་སོ་སོར་འཕར་ཡོད། རིམ་སྤོར་བྱས་རིགས་ཀྱི་ཚོང་ཟོག་ཁག་གཅིག་འཕར་ཚད་མགྱོགས་པ་དང་བཅད་གྲངས་ཡན་གྱི་རྩིས་གཞིའི་འཕྲིན་གཏོང་ཡོ་བྱད་དང་། རིག་གནས་གཞུང་ལས་ཀྱི་མཁོ་ཆས། བྱུག་རྫས་བཅས་ཀྱི་སིལ་ཚོང་གི་འཕར་ཚད་20.4%དང་། 7.4% 6.8%བཅས་སོ་སོར་འཕར་ཡོད།

    དབྱར་གསེང་རིང་ཞབས་ཞུ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་ཞིང་། ཟླ་དང་པོ་ནས་བདུན་པའི་བར། ཞབས་ཞུ་སིལ་ཚོང་དངུལ་འབོར་5.0%འཕར་ནས་ཚོང་ཟོག་སིལ་ཚོང་དངུལ་འབོར་འཕར་ཚད་ལས་རྒྱུན་མཐུད་མཐོ་བ་ཡོད། དེའི་ནང་བཟའ་བཏུང་ཡོང་འབབ་2.6%འཕར་ཡོད་པ་དང་། ཡུལ་སྐོར་གྱི་བློ་འདྲི་དང་བོགས་གཏོང་གི་ཞབས་ཞུ་དང་རིག་གནས་ལུས་རྩལ་སྤྲོ་གསེང་གི་ཞབས་ཞུ་སིལ་ཚོང་དངུལ་འབོར་10%ལས་བརྒལ་ཡོད། དབྱར་གསེང་རིང་གློག་བརྙན་ཁྲོམ་ར་ཧ་ཅང་འཁྲུག་པོ་ཡོད་པ་དང་། ཟླ་7པར་གློག་བརྙན་གྱི་སྤ་སེ་འཚོང་འབོར་སྒོར་དུང་ཕྱུར་50ལས་བརྒལ་ནས་འཕར་ཚད་20%ལས་བརྒལ་ཡོད་པ་རེད།

    འཛད་ཟོག་རྙིང་པ་གསར་བརྗེས་བྱས་པས་ལྗང་མདོག་དང་རིག་ནུས་འཛད་སྤྱོད་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཅིང་། ཟླ་7པར། ནུས་གསར་འགྲུལ་སྐྱེལ་རླངས་འཁོར་སིལ་ཚོང་བྱེད་ཚད་65.1%ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེ་མོ་ལས་མངོན་པར། ཟླ་7པར་གཙོ་གནད་ལས་སྟེགས་ཀྱི་རིག་ནུས་འཕྲུལ་མི་ཕྱིར་ཚོང་བྱེད་ཚད་95.1%འཕར་བ་དང་། རུས་སྒྲོམ་རམ་འདེགས་འཕྲུལ་ཆས་ཕྱིར་ཚོང་བྱེད་ཚད་39.5%འཕར་བ། ལུས་རྩལ་པར་ཆས་ཕྱིར་ཚོང་བྱེད་ཚད་24.7%འཕར་བ། གད་འཕྲུལ་ཕྱིར་ཚོང་བྱེད་ཚད་19.4%འཕར་བ་བཅས་རེད།

    རྫོང་ཁོངས་འཛད་སྤྱོད་ཁྲོམ་རའི་སྒུལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲོང་རྡལ་དང་། ཆུས། གྲོང་གསེབ་བཅས་ཚུད་པའི་རྫོང་དང་ཤང་གི་འཛད་ཟོག་སིལ་ཚོང་བསྡོམས་འབོར་གྱིས་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་39.1%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།