ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་དང་APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་21%འཕར་བ།
གསར་འགོད་པར་ཚེས་20ཉིན་འཚོགས་པའི་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགག་སྒོ་དང་ཚོང་ལས་ལས་རིགས་ཀྱི་གླེང་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་དང་APECཡི་དཔལ་འབྱོར་སྡེ་གཞི་གཞན་དག་གི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་18.03ཟིན་པ་དེ་དུས་མཚུངས་ལས་21%འཕར་བ་དང་འཕར་ཚད་དུས་མཚུངས་ཀྱི་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་སྤྱི་ཡོངས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་བསྡོམས་འབོར་གོ་ལ་ཧྲིལ་པོའི་བཅུ་ཆ་དྲུག་ལས་བརྒལ་བ་དང་། ཚོང་དོན་བསྡོམས་འབོར་གོ་ལ་ཧྲིལ་པོའི་ཕྱེད་ཀ་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་ཁྲོད་ཀྱི་ལྟེ་བའི་གནས་བབ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ཀྲུང་གོའི་འགག་སྒོ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་སྡེ་གཞི་ཁག་གི་འགག་སྒོ་ལས་ཁུངས་དང་མཉམ་ལས་རོགས་རེས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་འགག་སྒོའི་ཚོང་གཉེར་ཁོར་ཡུག་ཧུར་ཐག་བཏོད་དེ། རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་གྱི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས“གོ་ལ་ཧྲིལ་པོའི་དངོས་ཟོག་ཡག་པོ”དེ་བས་མང་བ་ཀྲུང་གོའི་ཁྲོམ་ར་ཆེན་པོར་དེ་བས་མགྱོགས་པོ་ཞུགས་ཐུབ་པར་བྱས་ཡོད། འབྱུང་འགྱུར་གྲོས་འགོའི་ནང་འཁོད་དོན། ཉེན་ཁའི་སྔོན་བརྡ་གཏོང་བ་དང་། ཆ་འཕྲིན་བརྗེ་རེས་བྱེད་པ། ལྟ་འདོམས་ཕན་ཚུན་ཁས་ལེན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། རིག་ནུས་དང་། རང་འགུལ། གནད་སྨིན། ཕན་ཆེ་བཅས་ཀྱི་ལྟ་འདོམས་བྱེད་སྟངས་འཛུགས་པ། རིག་ལྡན་འགག་སྒོ་འཛུགས་སྐྲུན་ལ་ཐུན་མོང་སྐུལ་འདེད་གཏོང་བ། གཞུང་དྲང་དང་། བསྟུན་མཁས། རྒྱུན་མཐུད་ཆོག་པ་བཅས་ཀྱི་འགག་སྒོའི་ལྟ་འདོམས་ལམ་ལུགས་བཟོ་བ། དཔལ་འབྱོར་སྡེ་གཞི་ཁག་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་རོགས་བཅས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཁོ་སྤྲོད་འཁོར་འབྲེལ་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།