བཅའ་ཁྲིམས་དང་བླངས་པས་གཞི་རིམ་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བ།

ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་རུའུ་དབྱང་རྫོང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གསར་སྤེལ་ཁུལ་གྱི་ཁོངས་གཏོགས་ཁུལ་དུ་ཁེ་ལས་བརྒྱ་ཕྲག་ཙམ་ཡོད་པ་རེད། བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། རུའུ་དབྱང་རྫོང་ཁྲིམས་འཛིན་ཅུས་ཀྱིས་གཞུང་དཔང་ཁྲུའུ་དང་། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས། ཁྲིམས་འཛིན་སུའོ་སོགས་བཅའ་ཁྲིམས་ལས་དོན་པ་སྒྲིག་འཛུགས་བྱས་ཏེ། རྫོང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གསར་སྤེལ་ཁུལ་དུ་བསྐྱོད་ནས“གཞོན་ནུ་ཏང་ཡོན་གྱི་དང་བླངས་ཞབས་ཞུ། ཁྲིམས་སྐྱོང་དྲིལ་བསྒྲགས་གཞི་རིམ་དུ་སྤེལ”ཞེས་པའི་བྱེད་སྒོ་སྤེལ་ནས་མང་ཚོགས་ལ《ཁྲིམས་ལུགས་རོགས་སྐྱོར་བཅའ་ཁྲིམས》དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་དོ་བདག་གི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཤིང་། འདི་ནི་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་རུའུ་དབྱང་རྫོང་ཁྲིམས་འཛིན་ཅུས་ཀྱི་བཅའ་ཁྲིམས་དང་བླངས་པས་རྫོང་གི་སྔོན་ཐོན་བཟོ་སྐྲུན་ལས་རིགས་གསར་སྤེལ་ཁུལ་དུ་མང་ཚོགས་ལ《ཁྲིམས་ལུགས་རོགས་སྐྱོར་བཅའ་ཁྲིམས》དྲིལ་བསྒྲགས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།