དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲངས་འཛིན་མི་སྤྱི་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ།

    2030ལོའི་ལོ་མཇུག་ཏུ་སླེབས་སྐབས་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་བྱེད་མཁན་མི་འབོར་ལ་ཁྱབ་ཚད་90%ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-23

    མི་སྤྱི་ཆ་འཕྲིན་ཅན་གྱི་ལས་དོན་དེ་དམངས་འཚོའི་བདེ་རྩ་དང་འབྲེལ་བ་དམ་ཟབ་ཡོད། ཉེ་ཆར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་མི་སྤྱི་ཆ་འཕྲིན་ཅན་གྱི་ལས་དོན་གྱི་གཙོ་གནད་ལ་དམིགས་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཆ་འཕྲིན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་། གྲངས་འཛིན་མི་སྤྱི་འཛུགས་སྐྱོང་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས‘མི་ཐབས་རིག་ནུས+སྤྱི་ཚོགས་འགན་སྲུང’བཀོལ་སྤྱོད་དང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་གྲངས་རིག་ཅན་འགོ་འཛུགས་ས་གསར་པར་བྱས་ནས་མི་སྤྱིའི་སྲིད་ཇུས་དང་ཞབས་ཞུ་སྤུས་ཚད་མཐོ་བའི་མཁོ་སྤྲོད་ལ་འདེགས་སྐྱོར་བྱ་རྒྱུ་ཡིན”ཞེས་འགན་འཁུར་བ་དེས་བཤད་པ་རེད།

    གཙོ་གནད་སྒྱུར་བཅོས་ལག་བསྟར་ལ་འགན་སྲུང་བྱས་ཤིང་། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ་རྒྱལ་ཡོངས་ཀྱི་ལས་ཞུགས་ཆ་འཕྲིན་ཐོན་ཁུངས་མཛོད་འཐུས་སྒོ་ཚང་དུ་བཏང་ནས“ཀྲུང་གོའི་ལས་ཞུགས”ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུ་རེད། སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གལ་ཆེན་ལ་འདེགས་སྐྱོར་བྱས་ནས་འགན་བཅོལ་རིགས་ཆ་ཚང་གི་ལས་སྒོའི“དོ་དམ་ཚོད་འཛིན་ཆེན་པོའི”མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཐོན་ཚད་འབྲིང་བ་དང་མང་བའི་སྤྱི་ཚོགས་འགན་བཅོལ་གྱི་དོན་ཚན“རྒྱལ་ཡོངས་ཀུན་སྒྲུབ”ཐུབ་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་བ་དུས་ཐོག་ཏུ་སྤོ་སྒྱུར་ཐུབ་པ། སྤྱི་ཚོགས་འགན་བཅོལ་གྱི་ཁེ་དབང“མཐེབ་གཅིག་བཤེར་འཚོལ”ཐུབ་པ་བཅས་བྱས་ཡོད། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་ལེགས་སུ་གཏོང་རྒྱུར་དམིགས་ནས་གོ་མིང་དཔྱད་འདེམས་དང་། རྒྱུན་མཐུད་སློབ་གསོ། ཕྱི་སྦྱོང་ནས་རྒྱལ་ནང་དུ་ལོག་པའི་མི་སྣ་སོགས་ཀྱི་དྲ་ཐོག་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་མིའི་མི་དོན་ཡིག་ཚགས་དོ་དམ་ལ་གྲངས་རིག་ཅན་གྱི་ཞབས་འདེགས་ཞུ་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།

    སྤྱི་ཚོགས་འགན་སྲུང་གཱ་ཡི་གྲོང་མིའི་ཞབས་ཞུ“གཱ་གཅིག་ཀུན་འཐུས”ཡོངས་ཁྱབ་ཏུ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞིང་། 2030ལོའི་ལོ་མཇུག་ཏུ་སླེབས་སྐབས་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་རེ་ཞུ་བྱེད་མཁན་མི་འབོར་ལ་ཁྱབ་ཚད་90%ཟིན་པར་བྱ་རྒྱུ་རེད། “གཱ་གཅིག་ཀུན་འཐུས”ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྷན་སྦྱར་ལམ་ལུགས་དང་ཚད་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ཡོངས་དང་ས་ཁོངས“གཱ་གཅིག་ཀུན་འཐུས”ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད། ལྗོངས་རྣམ་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་། དམངས་ཕན་ཞིང་ཕན་མ་དངུལ“གཱ་གཅིག་ཀུན་འཐུས”ནས་སྤྲོད་པར་རྒྱབ་སྐྱོར་བྱེད་པ། ཕྲུ་གུ་དམར་འབྱར་དང་རྒན་རྒོན་སོགས་གཙོ་གནད་མི་ཚོགས་ལ་སྟབས་བདེའི་ཞབས་འདེགས་ཞུ་བ། གཱ་འཁྱེར་ནས་ཁ་གསབ་འཛད་སྤྱོད་དང་གཟིགས་སྐྱོང་གཏོང་སྤྲོད་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་མི་དམངས་ཤོག་སྒོར་སོགས་དང་མཉམ་འདྲེས་བཀོལ་སྤྱོད་འཚོལ་ཞིབ་བྱེད་པ་བཅས་བྱ་རྒྱུ་རེད། གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ཡི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་འགན་སྲུང་གཱ་ཡི་ཐོབ་ཐང་ཁས་ལེན་དང“གཱ་གཅིག་ཀུན་འཐུས”ཀྱི་གཏོང་སྤྲོད་ནུས་པ་སྒོ་དབྱེར་འཚོལ་ཞིབ་བྱ་རྒྱུ་རེད།

    མི་སྤྱིའི་རིག་ནུས་ཅན་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། རྒྱལ་ཡོངས་མི་སྤྱིའི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས། གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ སྦར་མཐིལ་12333གྱི་ཉེར་སྤྱོད་བྱ་རིམ་སོགས་ཀྱི་ཞབས་ཞུའི་ཐབས་ལམ་རྒྱུན་མཐུད་ལེགས་སུ་བཏང་ནས“དྲ་གཅིག་ཀུན་སྒྲུབ”དང“ཞིང་ཆེན་བརྒལ་བའི་ཀུན་སྒྲུབ”ལ་སྐུལ་འདེད་གཏོང་རྒྱུ་རེད། “ལས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་འགན་སྲུང་གཱ་ཡི་གྲོང་མིའི་ཞབས་ཞུ་དང་བབ་བསྟུན་ལས་ཞུགས་དང་འགན་བཅོལ་ནང་ཞུགས་པ་སོགས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།