དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཏུན་ཁྲི་སྟོང་རིམ་པའི་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་ཐོག་མའི་ལེན་ཡུན་ཀང་ནས་ཧུའེ་ཨན་བར་གྱི་དུམ་བུ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-23

    ཉེ་ཆར། རྒྱལ་ཁབ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་རྣམ་གྲངས་ཏེ། ལན་ཡུན་ཀང་ནས་དབྱི་ཀྲེང་བར་གྱི་མ་བཅོས་རྡོ་སྣུམ་མདོང་ལམ་ལས་གྲྭའི་ལན་ཡུན་ཀང་ནས་ཧུའེ་ཨན་བར་གྱི་དུམ་བུ་བདེ་བླག་ངང་སྐྲུན་འགོ་ཚུགས་ཤིང་། དེ་ནི་རང་རྒྱལ་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་སྐྲུན་འགོ་ཚུགས་པའི་ཏུན་ཁྲི་སྟོང་རིམ་པའི་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་ཐོག་མ་ཡིན་པས། རང་རྒྱལ་གྱི་དབུས་ཤར་ས་ཁུལ་གྱི་ནུས་འདོན་གྲུབ་ཆ་ལེགས་སུ་གཏོང་བ་དང“རྒྱལ་ཡོངས་དྲ་བ་གཅིག”གི་སྣུམ་རླངས་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    ལེན་ཡུན་ཀང་ནས་དབྱི་ཀྲེང་བར་གྱི་མདོང་ལམ་གྱི་ལེན་ཡུན་ཀང་ནས་ཧུའེ་ཨན་བར་གྱི་དུམ་བུ་ནི་ཅང་སུའུ་ལེན་ཡུན་ཀང་གྲོང་ཁྱེར་གྱི་ཞུས་ཡུས་ཁུལ་གསར་གྱི་ས་ཚིགས་ནས་འགོ་བཙུགས་ཏེ། ཧུའེ་ཨན་གྲོང་ཁྱེར་ཧུའེ་དབྱིན་ཆུས་རི་དབྱི་མདོང་ལམ་གྱི་སྣུམ་འདྲེན་ས་ཚིགས་ནས་མཇུག་བསྡུས་ཤིང་། རིང་ཚད་ཡོངས་ལ་སྤྱི་ལེ་143.8ཟིན་པ་དང་ལོར་སྣུམ་འདྲེན་ཚད་ཏུན་ཁྲི་1850ཇུས་འགོད་བྱས་ཡོད། གཉེར་སྐྱོང་བྱས་རྗེས་འཁོར་སྐྱོད་བྱས་པའི་རི་དབྱི་མདོང་ལམ་དང་འབྲེལ་མཐུད་བྱས་ཏེ་ཉིན་རེར་སྣུམ་རླངས་འདྲེན་ཚད་མཐོ་ཤོས་ཏུན་ཁྲི་7ཟིན་ནས་ཅང་སུའུ་ཞིང་ཆེན་དང་དེ་བཞིན་འབྲི་ཆུའི་རྒྱུད་ཀྱི་བཙོ་སྦྱངས་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་གྱིས། འབྲི་ཆུའི་རྒྱུད་ཀྱི་སྤྱོད་མཁན་གྱི་ཐོན་ཁུངས་འགན་སྲུང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་རང་རྒྱལ་གྱི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྣུམ་རླངས་མདོང་ལམ་གྱི་བཀོད་པ་ལེགས་སུ་གཏོང་བ་དང་མ་བཅོས་རྡོ་སྣུམ་ཐོན་ཁུངས་གཅིག་གྱུར་བཀོད་སྒྲིག་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།