དང་བླངས་པས་ཆུ་བོར་སྐོར་ཞིབ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་བྱེད་པ།

ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཡིན་ཞིང་། ས་གནས་ཁག་གིས་རྣམ་པ་སྣ་ཚོགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བྱེད་སྒོ་སྤེལ་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དང་། སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན། སྐྱེ་ཁམས་ཤེས་དཔལ་གྱི་རིན་ཐང་འདུ་ཤེས་བརྒྱུད་བསྒྲགས། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་བཅས་བཏང་སྟེ། མི་རྣམས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ་རེད། འདི་ནི་དེ་ཉིན་དང་བླངས་པས་ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ཐའེ་ཅི་གྲོང་རྡལ་ལི་ཙི་གྲོང་ཚོའི་ཐའེ་ཅི་གཙང་པོའི་ཆུ་རགས་ལ་སྐོར་ཞིབ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།