དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་གི་ལས་བྱེད་པའི་ལས་སྒྲུབ་བརྙན་ཐུང་ལ་དྲ་ཐོག་ནས་ལྟ་མཁན་མང་པོ་བྱུང་བ།

    བཅོས་སྐྱོང་བྱེད་སྟངས་ཡག་ཤོས་ནི་དངོས་སྒྲུབ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-23

    འདི་ནི་ཤང་གི་ལས་བྱེད་པས་ཞིང་ཁའི་སྐྱེ་འཚར་ལ་ལྟ་བཞིན་པ།

    ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལྷ་རྩེ་ཤང་གི་གཞུང་ཕྱོགས་ཁྱུག་དབྱིངས་ཨང་རྟགས“ཞི་མཐུན་ལྷ་རྩེ”ཞེས་པ་སྐད་གྲགས་ཆོད་ཡོད། དེའང་རྐང་བཙུགས་ནས་ཆེད་སྤྱོད་པར་ཆས་སྤྱད་དེ་པར་བརྒྱབ་རྗེས་ཆེད་ལས་ལག་རྩལ་ལ་བརྟེན་ནས་བརྙན་པར་སྙིང་རྗེ་པོ་བཟོས་པ་ཞིག་མིན་པར། ཁ་པར་དཀྱུས་མའི་པར་ཆས་ལ་བརྟེན་ནས་ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་རྒྱུན་གཏན་གྱི་ལས་ཀའི་རྣམ་པ་པར་དུ་བླངས་པ་ཞིག་ཡིན། ཀུན་གྱིས་རྟོགས་དཀའ་བ་ཞིག་ལ། བརྙན་ཐུང་དེ་དག་ལ་དྲ་ཐོག་ནས་མི་མང་པོས་དོ་ཁུར་དང་མོས་བསྟོད་རྒྱ་ཁྱབ་ཐོབ་ཡོད།

    ཟླ་6ཚེས་22ཉིན། ལྷ་རྩེ་ཤང་གི་དྲིལ་བསྒྲགས་ལས་དོན་པ་པད་མ་རྒྱལ་པོས་ནམ་རྒྱུན་ལྟར་ཞོར་དུ་པར་བརྒྱབ་པའི་ཤང་གི་ལས་ཀའི་རྣམ་པ་དྲ་ཐོག་ཏུ་བསྐུར་བ་རེད། པར་ནང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིའུ་ཀྲུང་ཝུའེ་དང་ཤང་ཀྲང་རིན་ཆེན་དབང་རྒྱལ་གྱིས་བབ་ཆགས་པའི་གྱོན་གོས་གྱོན་པ་དང་ཞི་དུལ་ངང་སློབ་ཆུང་གི་བདེ་འཇགས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད།

    བརྙན་ཐུང་གི་ནང་དོན་དང་སྒྲ་སྦྱོར་ཤིན་ཏུ་བབ་ཆགས་པས་དྲ་ཐོག་ནས་དོ་ཁུར་ཆེན་པོ་ཐོབ་པ་མ་ཟད་བརྙན་ཐུང་ལ་མོས་བསྟོད་བྱེད་ཚད་ཁྲི་6.9ཟིན་ཡོད། དེ་རྗེས་ཨང་རྟགས་དེར་གཞི་རིམ་ལས་བྱེད་པའི་རྒྱུན་གཏན་གྱི་ལས་སྒྲུབ་རྣམ་པ་སྟེ། སྦག་སྦག་བཞོན་ནས་ཀྱག་ཀྱོག་གི་རི་ལམ་བརྒྱུད་འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཆུ་རྫིང་ལ་ཞིབ་བཤེར་བཟོ་བཅོས། སྲིད་ཇུས་སྒྲོག་འགྲེལ། དུད་ཚང་དུ་བསྐྱོད་དེ་རོགས་སྐྱོར་སོགས་ཀྱི་གནས་ཚུལ་པར་བརྒྱབ་ནས་བསྐུར་རིམ་བཞིན་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད་པ་རེད།

    ལྷ་རྩེ་ཤང་གི་ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་གྱི་ཡོད་པ་དང་། ཤང་ཡོངས་སུ་རྒྱུན་སྡོད་མི་འབོར་4810ཡོད་པ་དེ་དག་སྤྱི་ལེ་ངོས་གྲུ་830ལྷག་ཙམ་གྱི་ས་གཞིར་ཁ་ཐོར་དུ་སྡོད་ཀྱི་ཡོད། མངའ་ཁོངས་སུ་རི་བོ་དང་གྲོག་རོང་མང་བ་མ་ཟད། གཞི་རིམ་གྱི་ལས་དོན་ས་ཚིགས་མང་བ་དང་། ལམ་ཐག་རིང་བ། གཞི་ཁྱོན་ཆེ་བ་བཅས་ཡོད་པས་ལས་འགན་ཧ་ཅང་ལྕི་པོ་ཡོད།

    འདི་ལོ་ལོ་38ལ་སླེབས་པའི་ཆིའུ་ཀྲུང་ཝུའེ་2014ལོར་དཔལ་འབར་རྫོང་དུ་ལས་ཀར་ཞུགས་ཤིང་། རྫོང་ཨུད་རྩ་འཛུགས་པུའི་ཁོའོ་ཡོན་ཞིག་ནས་ཀྲུའུ་རེན་ཁོའོ་ཡོན་དང་པུའུ་ཀྲང་གཞོན་པར་རིམ་བཞིན་འཚར་ལོངས་བྱུང་། 2023ལོར་ལྷ་རྩེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་བ་དང་། ལོ་བཅུ་ལྷག་ཙམ་གྱི་གཞི་རིམ་ལས་ཀའི་ཉམས་མྱོང་ལས་ཁོང་གིས“གཞི་རིམ་གྱི་ལས་བྱེད་པ”ཞེས་པར་གོ་བ་གཏིང་ཟབ་ལེན་ཐུབ་ཡོད། དཔལ་འབར་རྫོང་གི་ཤར་སྒོ་ཆེན་པོ་ཡིན་པའི་ལྷ་རྩེ་ཤང་གི་རྒྱུན་གཏན་ལས་ཀ་རྙོག་འཛིང་ཆེན་པོ་ཡོད། ཤང་དུ་ལས་ཀ་ལོ་གསུམ་བྱེད་རིང་། ཁོང་གིས་ཤང་གི་མི་ཁག་གཅིག་གི་སྣེ་ཁྲིད་དེ་འཐུང་ཆུའི་དཀའ་གནད་སེལ་བ་དང་། འགྲོ་ལམ་འཛུགས་སྐྲུན་བྱེད་པ། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། བྱ་བ་དངོས་དང་བྱ་བ་བཟང་པོ་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ་མ་ཟད། མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཡང་རིམ་བཞིན་ལེགས་སུ་ཕྱིན་ཡོད།

    “ང་རང་ནི་ཤང་དང་གྲོང་རྡལ་གྱི་ལས་དོན་པ་ཞིག་ཡིན། མི་སེར་ཚོར་ལས་ཀ་ཡོད་ཕྱིན་ང་ཚོ་འཚོལ་ཆོག”ཅེས་ཆིའུ་ཀྲུང་ཝུའེ་ཡིས་བཤད། ཁོང་དང་མཉམ་དུ་ཁྲོམ་ལ་འགྲོ་སྐབས་མདུན་ནས་ཡོང་བའི་ཕྲུ་གུ་ཚོས་བརྩེ་བ་ཟབ་མོས་ཁོང་ལ་དྲི་རྨེད་གཏོང་བ་ནི་རང་གི་ནང་མི་རྒན་རབས་ལ་སྐད་ཆ་ཤོད་པ་དང་གཉིས་སུ་མ་མཆིས།

    “དང་ཐོག་པར་རྒྱག་དོན་ནི་ཡུལ་མི་ཚོས་ཤང་གི་ལས་ཀའི་གནས་ཚུལ་དང་དམངས་ཕན་སྲིད་ཇུས་ཤེས་ཆེད་ཡིན། བོད་དུ་གཞི་རིམ་ལས་བྱེད་པ་ཚང་མས་དེ་ལྟར་བྱེད་ཀྱི་ཡོད”རྒྱུན་གཏན་གྱི་ལས་ཀ་པར་དུ་བླངས་པ་ཞིག་ལ་མི་མང་པོ་དེ་འདྲ་ཞིག་གིས་དོ་ཁུར་བྱེད་དོན་གང་ཡིན་མིན་ཐད་ཐོག་མར་ཆིའུ་ཀྲུང་ཝུའེ་ཡང་ཧང་སངས་ཡོད། ཕྱིས་སུ་ཁོང་གིས་མི་མང་པོས་དོ་ཁུར་བྱེད་དོན་ནི་ལས་ཀ་དེ་དག་ལ་ཡ་མཚན་སྐྱེས་པ་མིན་པར། ས་མཐོར་དུས་དང་རྣམ་པ་ཀུན་ཏུ་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་ཚོར་སེམས་གཏིང་ནས་ཡི་རངས་ཞུ་བ་ཡིན་པ་ཤེས། “ང་ཚོས་གཞན་གྱི་དོ་ཁུར་ཐོབ་བསམས་ནས་ལས་ཀ་བྱེད་པ་ཞིག་མིན། ལས་ཀ་བྱས་པ་དེར་གཞན་གྱི་གདེང་འཇོག་ཡག་པོ་ཐོབ་ན་ང་ཚོས་བྱས་པའི་ལས་ཀ་ནོར་མེད་པ་མཚོན་གྱི་ཡོད”ཅེས་བཤད།

    དཔལ་འབར་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཝུན་ཤིང་གིས། “ཞི་མཐུན་གྱི་ལྷ་རྩེ”སྐད་གྲགས་ཆོད་པ་ནི་སྟེས་དབང་ཞིག་མིན་པར། ཆབ་མདོའི་ཤང་དང་གྲོང་རྡལ་ཁག་གི་གཞུང་ཕྱོགས་ཨང་རྟགས་ཀྱིས་གདོད་མའི་རྣམ་པར་བརྟེན་ནས་གནས་ཚུལ་འགོད་པའི་བྱེད་ཐབས་སྤྱད་དེ་དྲིལ་བསྒྲགས་བྱེད་ཀྱི་ཡོད། “ས་མཐོར་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་གྲོང་ཚོ་ཁ་ཐོར་དུ་གནས་པས། བརྙན་ཐུང་པར་དུ་ལེན་པ་ནི་བཅོས་སྐྱོང་བྱེད་སྟངས་ནུས་ལྡན་ཞིག་ཡིན་པ་སྟེ། ཕྱོགས་གཅིག་ནས་མང་ཚོགས་ཀྱིས་སྲིད་ཇུས་དང་གནས་ཚུལ་ཐད་ཀར་ཤེས་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་དེ་བས་ལེགས་པའི་སྒོ་ནས་དམངས་ཀྱི་འདོད་བློ་ཉན་པ་དང་ལས་དོན་ཡག་པོ་སྤེལ་ཐུབ་པའི”ངོས་འཛིན་བྱེད་ཀྱི་ཡོད།

    “ལྷག་བསམ་རྣམ་དག་ནི་ཐབས་ཤེས་ཡག་ཤོས་རེད”ཅེས་ཝང་ཝུན་ཤིང་གིས་བརྗོད་པ་དང་། ཁོང་གིས། ལྷ་རྩེ་ཤང་འདི་ཉིད་བསམ་ཡུལ་ལས་འདས་པར་སྐད་གྲགས་ཆོད་པ་ནི་དོན་དངོས་དང་མཐུན་ཤོས་ཤིག་རེད། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་11གི་གཞི་རིམ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོ་བརྟན་སྲུང་དང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ས་མཐོར་ལས་འགན་སྒྲུབ་པ་དང་ལེགས་སྐྱེས་འབུལ་བཞིན་ཡོད། “སྣང་བ་མེད་པར་གྲུབ་འབྲས་ཐོབ་ནས”སྐད་གྲགས་ཆོད་པ་ལས་གཞི་རིམ་ལས་བྱེད་པ་ཡོངས་ཀྱི་ལས་སྒྲུབ་སྤྲོ་སེམས་ཆེས་ཆེར་འཕེལ་ཡོད། “ལས་བྱེད་པ་ཚང་མ་དཔལ་འབར་གྱི་གཟུགས་བརྙན་མངོན་པའི་མགྲིན་ཚབ་པ་ཤ་སྟག་ཡིན་པས། ང་ཚོས་མིང་བྱང་དེ་ཇི་ཙམ་གཏོད་པ་དེ་ཙམ་གྱིས་སྐད་གྲགས་ཆེ་རུ་གཏོང་འདོད་ཡོད”ཅེས་བརྗོད།

    ད་ཆ་ལྷ་རྩེ་ཤང་དུ་དྲ་ཐོག་གི་སྐད་གྲགས་དེ་དྲ་ཕྱིར་བརྒྱུད་སྤྲོད་བྱེད་བཞིན་ཡོད་ཅིང་། ཅང་སུའུ་དང་། ཀྲེ་ཅང་། ཤིན་ཅང་སོགས་ཀྱི་དྲ་གྲོགས་ཀྱིས་སྙན་གྲགས་ལ་ཡིད་སྨོན་བྱེད་བཞིན་མཉམ་པར་རྒྱག་པ་དང་། གཱ་ཐོ་འགོད་པ། ཉམས་ལེན་བཅས་བྱེད་པར་ཡོང་གི་ཡོད། ལྷ་རྩེ་ཤང་གིས་ཤང་དེའི་སྒོ་འགྲམ་དུ“ལྷ་རྩེ་ཤང་གི་དྲ་ཐོག་ཡུལ་མི”ཞེས་པའི་བྱང་བུ་བཙུགས་ནས་དྲ་ཐོག་ཡུལ་མིའི་རྟགས་མ་ཇུས་འགོད་བྱས་ཏེ“ལས་དོན་ལ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུ”ཞེས་སྒོ་ཕྱེ་ནས་མགྲོན་པོར་བསུ་བ་ཞུ་ཡི་ཡོད།

    “ཕུགས་ལ་གཞི་ཚུགས་ནས་དཔལ་འབར་རྫོང་གིས་ས་གནས་དེ་གའི་དྲིལ་བསྒྲགས་སྤུས་རྟགས་རྒྱུན་མཐུད་གཏོད་བཞིན་ཡོད། གོམ་སྟབས་རྗེས་མར། གཞུང་ཕྱོགས་ལས་སྟེགས་ལ་བརྟེན་ནས“དྲ་ཐོག་ཡུལ་མིའི་ཇུས་འདོན་ཚོགས་པའི”ཆེད་སྒྲིག་ལེ་ཚན་བཟོས་ཏེ་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པ་དང་། དངོས་ཡོད་གང་ཡིན་པ་དེ་པར་དུ་ལེན་པ། དོན་དངོས་ལ་སྣང་ཆེན་བྱེད་པ། མང་ཚོགས་དང་འབྲེལ་འདྲིས་བྱེད་པ་བཅས་ཀྱི་ལས་དོན་སྒྲུབ་སྟངས་མཐའ་འཁྱོངས་བྱེད་པ། དྲ་རྒྱའི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་བཅས་བྱས་ནས་དམངས་ཀྱི་འདོད་བློར་ལན་ཡོད་པ་དང་གྲོས་འགོ་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་ཀྱི་ཡིན་ཞེས་ཝང་ཝུན་ཤིང་གིས་བརྗོད།

    ལྷ་རྩེ་ཤང་གི་གཏམ་རྒྱུད་ད་དུང་མུ་མཐུད་རྩོམ་བཞིན་ཡོད། དེས་མི་རྣམས་ཀྱི་བློ་སྒོ་འབྱེད་པར་བསམ་བློ་ཟབ་མོ་གཏོང་དགོས་པ་སྟེ། དྲིལ་བསྒྲགས་བྱེད་སྟངས་ཡག་ཤོས་ནི་བདེན་པ་བདེན་ཐུབ་དང་། བཅོས་སྐྱོང་བྱེད་སྟངས་ཡག་ཤོས་ནི་ལས་དོན་དངོས་སྒྲུབ་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།