དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲམ་ཐང་སྔོ་ལྗང་གིས་བརྒྱན། སྐྱེ་ཁམས་རི་མོ་ལྟར་མཛེས།

    ——མངའ་རིས་ས་ཁུལ་སྒར་རྫོང་གིས་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-23

    ཉེ་བའི་ལོ་ཤས་རིང་། སྒར་རྫོང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་པ་དེ་མཐའ་མཚམས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་དང་ས་མཐོའི་འཚོ་སྡོད་རུང་བའི་གྲོང་ཁྱེར་དང་གྲོང་རྡལ་གཏོད་པའི་དམ་འཛིན་བྱ་གཞི་གཙོ་བོར་བརྩི་བ་དང་། “སྔོ་གསུམ”མཉམ་གཏོད་དང“མཛོད་བཞི”མཉམ་འགུལ་མཐའ་འཁྱོངས། སྐྱེ་དངོས་ཀྱིས་བྱེ་འགོག་བྱེ་བཅོས་དང་གྲོང་ཁྱེར་དང་གྲོང་རྡལ་སྔོ་འགྱུར་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ལས་གྲྭར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཆ་སྙོམས་ས་བབ་སྨི་4500ཟིན་པའི་གྲམ་ཐང་དུ་སྔོ་ལྗང་ལྗོན་ཤིང་བཏབ་ཡོད་པ་རེད།

    ཚན་རིག་དང་མཐུན་པའི་སྔོ་འགྱུར།

    མཐོ་གྲང་ས་ཁུལ་དུ་སྔོ་ལྗང་ལྗོན་ཤིང་བཏབ་པ།

    སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱང་རིའི་སྔོ་འགྱུར་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་ཤིང་སོན་སྟར་པ་རེ་རེ་འདེགས་སྒྲོམ་དང་ར་སྐོར་གྱི་སྲུང་སྐྱོབ་འོག་གྲལ་སྟར་འགྲིག་པོས་སྐྱེས་ཤིང་། རྣམ་གྲངས་ཀྱི་འགན་འཁུར་བ་ལི་ཧྲུན་ཅུན་གྱིས་ནགས་ཁུལ་དུ་སྐོར་ཞིབ་ཞིབ་ཚགས་བྱས་ཏེ་ཤིང་སོན་གྱི་སྐྱེ་འཚར་གནས་ཚུལ་ཟིན་ཐོར་འགོད་བཞིན་མཆིས། ཁོང་གིས“ད་ཆ་ཤིང་སོན་གསོན་ཚད་85%ཡན་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་ཉམས་གསོའི་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས་སྒར་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    འོན་ཀྱང་མཐོ་གྲང་གསོ་རླུང་དཀོན་པ་དང་། དགུན་དུས་རིང་བ། ས་རྒྱུ་ཞན་པ། ཐན་པ་བསྟན་མང་ལ་ཆར་ཆུ་ཉུང་བ། རླུང་ཆེན་ཡང་ཡང་ལྡང་བ་བཅས་ཀྱི་ས་ཆ་དེ་ལྟ་བུར་ལྗོན་ཤིང་བཏབ་ནས་གསོན་ཐུབ་པ་བྱ་རྒྱུ་ནི་འགྲན་སློང་ཞིག་རང་རེད།

    “ས་མཐོར་ལྗོན་ཤིང་གི་རྩ་བ་ཚུགས་དགོས་ན། ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་དགོས”སྒར་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལག་རྩལ་ཆེ་མོ་བ་ཏིང་པིང་གིས། ས་གནས་དེ་གས་ཚན་རིག་དང་མཐུན་པའི་ངང་ཤིང་སོན་འདེམས་པ་དང་། ཆུ་དང་བསྟུན་ནས་འདེབས་ཁྱོན་གཏན་འཁེལ། ས་རྒྱུ་ལེགས་བཅོས། བདག་སྐྱོང་ཞིབ་ཚགས་བཅས་བྱ་ཐབས་སྣ་མང་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མཐོ་གྲང་ས་ཁུལ་དུ་ཚན་རིག་དང་མཐུན་པའི་སྔོ་འགྱུར་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཡོད་པ་རེད།

    ལྗོན་ཤིང་རེ་རེ་བཞིན་བརྟན་པོའི་ངང་རྩ་བ་ཚུགས་པ་དང་སྔོ་ལྗང་གི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་སྒར་རྫོང་གི་སྔོ་ལྗང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད། མིག་སྔའི་བར་རྫོང་ཡོངས་སུ་རིམ་རྩིས་བརྒྱབ་ན་ནགས་བཟོ་སྔོ་འགྱུར་མུའུ་ཁྲི་1.9ལྷག་ཙམ་བྱས་ནས་གྲོང་འདབས་ཀྱི་འགོག་སྲུང་ནགས་ཚལ་དང་། གྲོང་ཁྱེར་སྤྱི་གླིང་། འགྲོ་ལམ་མཛེས་ལྗོངས་སྔོ་ལྗང་ཁུལ་བཅས་ཕན་ཚུན་སྦྲེལ་མཐུད་ཐུབ་སྟེ། ས་མཐོའི་སྐྱེ་ཁམས་ཀྱི་འཚོ་སྡོད་རུང་བའི་གྲོང་ཁྱེར་ཞིག་འཆར་འགོད་ནས་རིམ་གྱིས་མངོན་སུམ་དུ་འགྱུར་བཞིན་ཡོད་པ་རེད།

    མ་ལག་ལྡན་པའི་བཅོས་སྐྱོང་།

    “བྱེ་བཅོས་གཅིག་པུ”ནས“ཁོངས་ཡོངས་མཐོར་གཏོང”བར།

    ལྗོན་ཤིང་འཛུཌ་པ་ནི་འགོ་རྩོམ་པ་ཞིག་དང་མཛེས་སྡུག་ལྡན་པར་བྱ་རྒྱུ་ནི་མཐའ་མའི་དམིགས་ཡུལ་དེ་ཡིན།

    སེང་གེ་ཁ་འབབ་གྲོང་རྡལ་བཙོག་ཆུ་གཙང་གསིང་ལྟེ་གནས་སུ་སྒྲིག་ཆས་སྣ་ཚོགས་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ་དང་། འཚོ་བའི་བཙོག་ཆུ་རིམ་པ་བཞིན་གཙང་གསིང་བྱས་པ་བརྒྱུད་དྭངས་གཙང་དུ་འགྱུར་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་སྒར་རྫོང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ་སྦགས་བཙོག་འགོག་བཅོས་དང་། སྐྱེ་ཁམས་སླར་གསོ། ཁོར་ཡུག་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཁོར་ཡུག“ཆ་ཤས་ལེགས་གཏོང”ནས“ཕྱོགས་ཡོངས་མཐོར་གཏོང”བར་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    འགྱུར་ལྡོག་མངོན་གསལ་དོད་ཤོས་ཤིག་ནི་ཟོག་འགྲུལ་གླིང་གི་ལྷོ་ངོས་ཁུལ་ཡིན་ཞིང་། ཅི་ཁོ་ཡིས། “དེ་གར་དེ་སྔོན་གང་སར་གད་སྙིགས་སྤུངས་པ་མ་ཟད། ད་དུང་སྒྲིག་འགལ་བསྐྲུན་དངོས་མང་པོ་ཡོད”ཅེས་བཤད། ཁོང་གིས་ས་གནས་དེ་གས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་བེད་མེད་དངོས་ཟོག་ཏུན་40ལྷག་ཙམ་གཙང་སེལ་བྱས་པ་དང་། སྒྲིག་འགལ་ངང་བསྐྲུན་པའི་སྟབས་བདེའི་ཁང་པ་10ལྷག་ཙམ་བཤིག་པ། སྨི་ངོས་གྲུ་ཁྲི་3ལྷག་ཙམ་གྱི་ས་ཆ་ཁོད་སྙོམས་ཡོད་ཅེས་བཤད།

    ད་ཆ་དེ་སྔའི་གད་སྙིགས་ར་བ་དེ་སྐྱེ་ཁམས་ཀྱི་སྔོ་ལྗང་ཁུལ་དུ་གྱུར་ཞིང་། སྨི་ངོས་གྲུ་3600ཟིན་པའི་མེ་ཏོག་དང་སྨི་ངོས་གྲུ་ཁྲི་1.6ཙམ་གྱི་རྩྭ་རྩི་ཤིང་གི་མཛེས་ལྗོངས་སྣ་ཚོགས་ཡོད། དབྱར་དུས་མེ་ཏོག་རབ་ཏུ་བཞད་ནས་ཡུལ་ལྗོངས་ལྷག་པར་མཛེས་པས་མཐའ་འཁོར་མང་ཚོགས་ཀྱི་སྐྱོད་ཡུལ་ཡག་ཤོས་སུ་གྱུར་ཡོད་པ་རེད།

    གད་སྙིགས་ཐོན་ཁུངས་སུ་གྱུར་པ་དང་། བཙོག་ཆུ་དྭངས་གཙང་དུ་གྱུར་པ། བེད་མེད་ས་ཆ་མེ་ཏོག་ལྡུམ་རར་གྱུར་པ་སོགས་སྐྱེ་ཁམས་བཅོས་སྐྱོང་ལས་བྱུང་བའི་འགྱུར་ལྡོག་དེ། སྔོ་ལྗང་རི་ཀླུང་ཁྲོད་མངོན་པར་མ་ཟད། ད་དུང་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་མཉམ་འདྲེས་ཀྱང་ཐུབ་ཡོད་པ་རེད།

    སྐྱེ་ཁམས་དམངས་ཕན།

    “ལྗང་མདོག་མཛེས་པ”དེ“དཔལ་འབྱོར་རིན་ཐང”དུ་བསྒྱུར་བ།

    སྒར་རྫོང་དུ་ལྗོན་ཤིང་བཏབ་ནས་གང་སར་སྔོ་ལྗང་གིས་བརྒྱན་པ་མ་ཟད། མང་ཚོགས་ཀྱི་འཚོ་བ་ཡང་སྐྱིད་དུ་སོང་ཡོད།

    སྒར་རྫོང་གིས་སྐྱེ་ཁམས་འཛུགས་སྐྱོང་དང་དམངས་ཕྱུག་འབབ་འཕར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔོ་འགྱུར་ལས་གྲྭའི་ནང་ཞིང་འབྲོག་པ་ལས་མིར་བསྡུས་ཏེ་ལྗང་མདོག་འཕེལ་རྒྱས་ཁྲོད་མང་ཚོགས་ལ་ཕན་འབྲས་མཐོང་བ་དང་དངོས་ཕན་ཐོབ་པར་བྱས་ཡོད་པ་རེད།

    སྒར་རྫོང་སྡོང་ཕྲུག་ར་བའི་ཐོན་ལས་གླིང་གི་རྟེན་གཞིར་སྐྱོད་སྐབས་ཡུག་འབྲེལ་གྱི་རྒྱ་ལྕང་དང་སྤོར་ཤིང་ལ་མྱུ་གུ་འབུས་ཤིང་། ཡུལ་མི་རྣམས་ཀྱིས་དེ་དག་ལ་ཆུ་གཏོར་བ་དང་ལུད་བརྒྱབ་ནས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།

    སྡོང་ཕྲུག་ར་བའི་རྟེན་གཞིའི་འཛུགས་སྐྲུན་ནང་ཞུགས་མཁན་ཧོང་ཀྲི་ཡིའུ་ཡིས། དེ་གར་གྲང་ཐུབ་དང་། ཐན་ཐུབ། འཕྲོད་མཐུན་རང་བཞིན་ཆེ་བ་བཅས་ཀྱི་ས་གནས་དེ་གའི་ཤིང་སོན་སྐྱེད་སྲིང་བྱས་པ་ལས། ས་ཆ་གཞན་གྱི་ཤིང་སོན་གཏོང་འདྲེན་གྱི་མ་གནས་མཐོ་བ་དང་གསོན་ཚད་དམའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། མང་ཚོགས་ཚོས་ཐག་ཉེ་སར་ལས་ཀ་བྱེད་པ་དང་ལག་རྩལ་སྦྱོང་བའི་ལས་སྟེགས་ཀྱང་བསྐྲུན་ཡོད། “ད་ཆ་འབྲོག་པ་དེ་བས་མང་བ་ཤིང་སོན་ཐོན་ལས་བཟོ་པར་གྱུར་ཏེ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་བརྟན་པོ་མངོན་འགྱུར་ཐུབ་ཡོད”ཅེས་བཤད།

    གྲངས་གཞིར་གསལ་བཤད་ཀྱི་ནུས་པ་ཆེ་ཤོས་ལྡན་ཞིང་། 2026ལོའི་ཟླ་1པོ་ནས་ཟླ་5པའི་ཚེས་31ཉིན་བར། རྫོང་ཡོངས་ཀྱི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ལས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་786རག་པར་སྐུལ་ཁྲིད་བྱས་པ་དང་། དེའི་ནང་འཕྲུལ་ཆས་དང་ངལ་ལས་བརྒྱུད་སྒོར་ཁྲི་230ཙམ་བྱུང་བ་དང་། ཤིང་སོན་བཙོངས་ནས་སྒོར་ཁྲི་555ཙམ་བྱུང་ཡོད་པ་རེད།

    སྐྱེ་ཁམས་ལེགས་སུ་སོང་ལ་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཏེ། མང་ཚོགས་ཀྱིས“སྐྱེ་ཁམས་ཀྱི་ལྟོ་ཕོར”ལག་ཏུ་དམ་པོར་བཟུང་ནས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།