རྒྱལ་ཡོངས་ཀྱི་ཐཱན་འབུད་ཚད་འཇལ་གྱི་ལག་རྩལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པས་ལས་རིགས་ཁག་གི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་འདེགས་སྐྱོར་ཐུབ་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱིས་མཉམ་དུ《ཐཱན་འབུད་ཚད་འཇལ་ནུས་པ་འཛུགས་སྐྱོང་གི་མཛུབ་ཁྲིད་དཀར་ཆག(2026ལོའི་པར་གཞི)》བཀྲམ་པ་རེད། དེ་ནི་2024ལོའི་པར་གཞིའི་དཀར་ཆག་གསར་སྒྱུར་བྱས་པ་ཞིག་ཡིན་ཞིང་། 2026ལོའི་པར་གཞིའི་དཀར་ཆག་ནང་རྒྱལ་ཡོངས་ཀྱི་ཐཱན་འབུད་ཚད་འཇལ་ལག་རྩལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་ཁག་གི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད།
2026ལོའི་པར་གཞིའི་དཀར་ཆག་གི་ནང་དོན་ཕྱོགས་ཡོངས་ནས་རྒྱ་ཆེ་རུ་དང་མ་ལག་རང་བཞིན་ལེགས་སུ་ཕྱིན་པ་དང་། ལག་རྩལ་གྱི་ཁྱབ་རྒྱ་ཆེ་རུ་ཕྱིན་པ། ཚད་ལྡན་མ་ལག་ཧ་ཅང་འཐུས་སྒོ་ཚང་དུ་ཕྱིན་པ། དེའི་ནང་འགག་རྩའི་ཚད་ལེན་དཔྱད་གྲངས་39ནས་58བར་མང་དུ་ཕྱིན་ཡོད་པ་དང་། ཞིབ་དཔྱད་ཚད་ལེན་བྱེད་ཐབས་82ནས་169བར་མང་དུ་ཕྱིན་པ། ཚད་ལེན་དཔྱད་ཆས་རིགས་108ནས་229བར་མང་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།