དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་ཀྱིས་ལོ་རེར་ཆ་སྙོམས་འཛུགས་སྐྲུན་ལས་འགན་མུའུ་ཁྲི་8000ཡན་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-22

    ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་གྱིས“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བྱེ་ཐང་གི་མཐར་སྐྱེ་ཁམས་འགོག་སྲུང་འཛིང་རགས་བསྐྲུན་ཞིང་། འདི་ནི་ཅིའུ་ཆོན་གྲོང་ཁྱེར་ཅིན་ཐ་རྫོང་གི་འགོག་སྲུང་ཤིང་ནགས་ཡིན་པ།

    གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། “བྱང་གསུམ”ལས་གྲྭའི་འགག་སྒྲོལ་དམག་འཐབ་འགོ་ཚུགས་ནས་ལོ་3སོང་རིང་། ལོ་རེར་ཆ་སྙོམས་འཛུགས་སྐྲུན་ལས་འགན་མུའུ་ཁྲི་8000ཡན་ལེགས་སྒྲུབ་བྱས་པ་དང་། “བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཆར་འགོད་ཀྱི་དུས་འབྲིང་གི་དམིགས་ཚད་གཙོ་བོ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཡོད།

    “བྱང་གསུམ”ལས་གྲྭ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་རེད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ས་གནས་ཁག་དང་སྡེ་ཚན་ཁག་དང་མཉམ་དུ་མ་ལག་གི་ལྟ་བ་དང་ཚན་རིག་དང་མཐུན་པའི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམ་རྩིས་བརྒྱབ་ན“བྱང་གསུམ”ལས་གྲྭར་ཀྲུང་དབྱང་ནས་མ་དངུལ་སྒོར་དུང་ཕྱུར་889བཏང་ནས་གཙོ་གནད་རྣམ་གྲངས་544ལག་བསྟར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།