དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“སྨན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཡོངས་སུ་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་རྣམ་པ་ཟབ་མོ་གཏོད་པ་དང་བདེ་ཐང་ཀྲུང་གོའི་སྟོབས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་ཆེད། “ཀྲུང་གོའི་སྨན་པའི་དུས་ཆེན”འཆར་ཉེའི་མཚམས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་ཚོགས་ཡོངས་སུ“སྨན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་ཐོག་ཁྱབ་བསྒྲགས་བྱས་པ་རེད།

    ཝང་ཆིའུ་དང་། ཧྥེང་ཁོ། ལུའི་ཧྭ་ཁུན། ཏུའུ་རུང་ཧུའེ། ལུའུ་ཅིན་ཀེན། ལུའོ་མིང་ཆིན། པའེ་ཧྭ་ལིས། ཧོའུ་ཧྥན་ཧྥན། ཀུའུ་ཚུའེ་དབྱིང་བཅས་བློ་མཐུན་9གཟི་བརྗིད་ངང་བདམས་ཐོན་བྱུང་ཡོད། ཁོང་ཚོས་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་སྐོར་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་འགྲོ་བ་སྡུག་བསྔལ་ལས་སྐྱོབ་པའི་སེམས་པ་འཆང་བ་དང་མི་དམངས་ཀྱི་སྨན་པ་ཆེ་མོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལ་ལས་གསོ་རིག་གི་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ལ་བརྩོན་ཞིབ་ཟབ་མོ་བྱས་ནས་བཅོས་དཀའ་བའི་ནད་གཞི་འགག་སྒྲོལ་ཧུར་ཐག་བྱེད་པ་དང་། འགའ་རེས་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལས་ལ་གཞོལ་ནས་ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཕྱི་ནད་ཚན་ཁག་གི་ཁྱད་ལྡན་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་མང་པོ་འཚོལ་ཞིབ་དང་ཕྱོགས་སྡོམ་བྱེད་པ། ལ་ལས་ཉིན་མཚན་བལྟོས་མེད་ངང་དཀའ་ངལ་ལ་མི་འཛེམས་པར་དོས་དྲག་དང་མྱུར་སྐྱོབ་ཀྱི་འཐབ་ས་དང་པོར་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་པ། ལ་ལས་ལྷད་མེད་བརྩེ་སེམས་བཅངས་ནས་ནད་ཚབས་ལྕི་བའི་རྒན་རྒོན་དང་ནད་པར་ལྟ་རྟོག་བླ་ལྷག་བྱེད་པ། ཡང་ལ་ལས་རི་གྲོང་དུ་གཞི་ཚུགས་པ་དང་གྲོང་ཚོ་དང་གྲོང་སྡེར་བསྐྱོད་ནས་ཐོག་མའི་བསམ་འདུན་དང་བརྟན་སྲུང་ལ་བརྟེན་ཏེ་ཕྱོགས་གཅིག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་བ་སོགས། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས“ཚེ་སྲོག་གོང་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་ཧུར་འབུལ། བརྩེ་སེམས་ཟབ་བཅངས”བཅས་ཀྱི་བླ་ན་མེད་པའི་ལས་རིགས་ཀྱི་སྙིང་སྟོབས་ལག་བསྟར་བྱས་ཏེ་དུས་རབས་གསར་པའི་སྨན་དོན་ལས་དོན་པའི་ཉམས་འགྱུར་བཟང་པོ་གཅིག་སྡུད་ཐོག་མངོན་ཡོད་པ་རེད།

    རྒྱ་ཆེའི་སྨན་དོན་ལས་དོན་པས། “སྨན་པ་ཡག་ཤོས”མིག་དཔེར་བྱས་ནས་སྨན་པའི་ཀུན་སྤྱོད་ལེགས་་བཅོས་བྱེད་པ་དང་སྨན་བཅོས་ཀྱི་ལག་རྩལ་ལ་སྣང་ཆེན་བྱས་ནས་བྱམས་སྙིང་རྗེ་དང་བརྩེ་སེམས་ཟབ་མོས་མང་ཚོགས་ལ་དེ་བས་སྤུས་ལེགས་དང་ཕན་འབྲས་ཆེ་བའི་བདེ་ཐང་གི་ཞབས་འདེགས་ཞུ་བ་དང་། ནུས་པས་ལྕོགས་ཚོད་ཀྱིས་ཚན་རིག་དང་མཐུན་པའི་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཤེས་དཔལ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། དམངས་ཡོངས་ཀྱི་བདེ་ཐང་གི་བྱང་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།