2026ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བྱེད་སྒོ་གཙོ་བོ་ནང་སོག་ཧུའུ་ལུན་པེར་དུ་སྤེལ་བ།
ད་ལོའི་ཟླ་8ཚེས་15ཉིན་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལག་ལེན་བསྟར་བའི་ཉིན་དང་པོ་རེད། དེ་ཉིན། 2026ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བྱེད་སྒོ་གཙོ་བོ་ནང་སོག་ཧུའུ་ལུན་པེར་དུ་སྤེལ་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྗང་མདོག་རང་མདངས་སྐྱོང་སྤེལ”ཞེས་པ་དེ་རེད།
བྱེད་སྒོ་གཙོ་བོ་ནི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཉམ་དུ་སྤེལ་ཞིང་། དེའི་རིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་སི་ཡིས་རྒྱུན་འཁོར་དཔལ་འབྱོར་གྱི་འབྲེལ་ཡོད་སྲིད་ཇུས་ལ་གསལ་འགྲེལ་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ནང་སོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་པ་དང་། ཁྱབ་ཁོངས་དེའམ་ས་གནས་དེ་གའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གྲུབ་འབྲས་གང་ལེགས་མངོན་པར་བྱས་པ་རེད། འབྲེལ་ཡོད་ལས་རིགས་མཐུན་ཚོགས་ཀྱིས་2026ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་ལྗང་མདོག་ཐཱན་ཉུང་བྱ་སྤྱོད་ཀྱི་གྲོས་འགོ་ཁྱབ་བསྒྲགས་བྱས་པ་དང་། ནང་སོག་ཧུའུ་ལུན་པེར་གྱིས་2026ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་ཧུའུ་ལུན་པེར་གྱི་གྲོས་འགོ་ཁྱབ་བསྒྲགས་བྱས་ནས། སྤྱི་ཚོགས་ཕྱོགས་ཁག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས་ལུགས་ཐད་སྐུལ་སློང་བྱས་པ་རེད།
དེ་ཉིན། ས་གནས་ཁག་གིས་བྱེད་སྒོའི་བརྗོད་དོན་གཙོ་བོར་གཞིགས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་པའེ་སེ་གྲོང་ཁྱེར་དུ་2026ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་ཀོང་ཤིས་ཀྱི་ས་ཆུ་སྲུང་འཛིན་དྲིལ་བསྒྲགས་དང“རི་ཀླུང་ལ་གཅེས་སྐྱོང་གིས་ས་ཆུ་སྲུང་འཛིན་ལ་སྐུལ་འདེད་གཏོང་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཀོང་ཤིས་ཀྱི“རི་སྔོན་ཆུ་དྭངས”ལྗང་མདོག་གློག་རྡུལ་ལག་ཁྱེར་ཉོ་ཚོང་ལས་སྟེགས་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།