རང་རྒྱལ་གྱི་ཚོང་ལས་གསང་སྲུང་ལམ་ལུགས་འཛུགས་སྐྱོང་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་བ།
གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཉེ་ཆར་འཚོགས་པའི“ཚོང་ལས་ཀྱི་གསང་བ་སྲུང་། ཐོན་ལས་འཕེལ་རྒྱས་གཏོང”ཞེས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོ་ནས་ད་བར། རྒྱལ་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྱོན་བསྡོམས་ཚོང་ལས་གསང་བར་གནོད་འཚེ་བཏང་བའི་གྱོད་གཞི་ཁག་383ཞིབ་བཤེར་ཐག་གཅོད་བྱས་པ་རེད།
ཚོང་ལས་གསང་བ་ཞེས་པ་ནི་སྤྱི་དམངས་ཀྱིས་རྒྱུས་མངའ་མེད་པ་དང་། ཚོང་ལས་ཀྱི་རིན་ཐང་ལྡན་པ། ཁེ་དབང་བདག་པོས་དེ་མཚུངས་ཀྱི་གསང་བ་སྲུང་ཐབས་སྤྱད་པའི་ལག་རྩལ་ཆ་འཕྲིན་དང་གཉེར་སྐྱོང་ཆ་འཕྲིན་སོགས་ཀྱི་ཚོང་ལས་ཆ་འཕྲིན་ལ་གོ་དགོས། ངོ་སྤྲོད་བྱས་པར་གཞིགས་ན། ཚུལ་མིན་འགྲན་རྩོད་ཀྱི་ངོ་རྒོལ་བཅའ་ཁྲིམས་ལ་རེས་སྐོར་གསར་པའི་བཟོ་བཅོས་བརྒྱབ་པ་དེས། ཚོང་ལས་གསང་བར་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་སླར་ཡང་ཆེ་རུ་བཏང་ཡོད། ད་ལོའི་ཟླ་2པར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཚོང་ལས་གསང་བ་སྲུང་སྐྱོང་གཏན་འབེབས》བཀྲམ་ནས། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ཁྲིམས་སྒྱུར་གྱོད་སྒྲུབ་དང་ཁེ་ལས་སྣ་ཚོགས་ཀྱི་ལུགས་མཐུན་གཉེར་སྐྱོང་ལ་དེ་བས་ཁ་གསལ་དང་། ཞིབ་ཚགས། བཀོལ་སྤྱོད་ཆོག་པ་བཅས་ཀྱི་བྱ་སྤྱོད་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།